ཁ་བའི་འདབ་མ་ནང་སེམས་ཀྱི་སྤང་ཐང་ལ་འཁོར་བའི་དུས་ཚིགས་འདིར།
ལས་སྐལ་གྱི་གཤེ་གཤེ་ཡིས་གཅར་བའི་འུ་གཉིས་ཀྱིས་གཞུང་རིང་བའི་མཉམ་འཛོམས་ཀྱི་ཧམ་སེམས་ས་རུ་འཇོག་སྟངས་འདི།
སྡོང་ལོ་ས་རུ་འཐོར་བའི་དེ་དུས་ཀྱི་སྟོན་གཞུང་ཞིག་ལ།
ངང་རིང་བའི་སེམས་པ་གཉིས་གཞི་གཅིག་ཏུ་འདྲེས་པ་ལས་ཀྱང་སྙིང་དུ་སྡུག་ཨང་སྙིང་ཉེ།
[鲜花] https://t.cn/R2WxDzr

དཀར་སྐྱོང་བྱེད་པ་ལ་ཡང་གནད་འགག་ཅིག་འདུགརྒྱ་གར་ལ་ཆ་བཞག་ན་ང་ཚོའི་དགོན་པ་གཙོ་ཆེ་བ་ཚང་མའི་སྤྱི་ཐབ་ནང་དཀར་སྐྱོང་བྱེད་ཀྱི་ཡོད། སྒེར་སོ་སོའི་གནས་ཚུལ་ཁག་ཁག་རེད། 
    མི་ཚང་མས་ཤ་སྤང་དགོས། དཀར་སྐྱོང་བསྟེན་ཞེས་བཤད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། འདུལ་བའི་ནང་ལ་ཆ་བཞག་ན་ཡང་བཅོམ་ལྡན་འདས་ཀྱིས་མདོ་འགའ་ཤས་ནང་ཤ་བྱེ་བྲག་པ་བཀག་པ་མ་བཏོགས་ཤ་སྤྱི་བཀག་མེད། སྤྱི་ཡོངས་ཀྱི་གནས་ཚུལ་ཁག་ཁག་རེད། 
    དེང་སང་དགོན་པའི་སྒྲིག་འཛུགས་ཀྱིས་དགོན་པ་མང་པོ་ཞིག་གིས་དཀར་སྐྱོང་ངམ་དཀར་ཟས་བསྟེན་གྱི་འདུག་པ་ཧ་ཅང་ཡག་པོ་རེད། དེ་བཞིན་དུས་མཆོད་བྱེད་སྐབས་སྲོག་ཆགས་མང་པོའི་སྲོག་འགྲོ་ན་རྩ་ནས་ཡག་པོ་མེད་པས་དཀར་སྐྱོང་བྱས་པ་ལེགས། 
    སྒེར་སོ་སོ་སྒེར་གྱི་འཕྲོད་བསྟེན་དང་དངོས་ཡོད་གནས་ཚུལ་དེ་འདྲའི་ཐོག་ནས་གནས་ཚུལ་ཁག་ཁག་རེད། ཡང་ཟས་དཀར་སྐྱོང་བྱེད་དགོས།སྲོག་གཅོད་སྤང་དགོས་ཞེས་བཤད་ཀྱང་། བོད་ཀྱི་འབྲོག་པའི་ས་ཁུལ་ཚོར་ལོ་སྟོང་ཕྲག་རིང་གི་གོམས་གཤིས་ཤིག་དང་འགྲོ་སྟངས་ཤིག་ཡོད། བར་སྐབས་དེ་དག་ལ་དོ་ཕོག་འགྲོ་ཡི་ཡོད་པ་གོ་རྒྱུ་འདུག 
    རྩ་བའི་ལྷག་བསམ་གྱིས་བྱེད་ཀྱི་ཡོད་ཀྱང་། སོ་སོས་སེམས་ཅན་མ་བསད་པར། སེམས་ཅན་རྣམས་བཤས་པ་ལ་བཙོང་། བོད་རིགས་མིན་པའི་བཤས་པ་དེ་ཚོའི་རིགས་ལ་སྙིང་རྗེ་མེད་པས།སེམས་ཅན་ཉོས་ནས་བཤས་ར་ལ་ཁྲིད་སྐབས་ཧ་ལས་པའི་སྡུག་པོ་བཏང་བའི་འགྲེལ་བཤད་ཉན་ན་ཡང་མི་བཟོད་པ་ལྟ་བུ་ཞིག་འདུག རྐང་ལག་བཅག་ནས་དོས་སྐྱེལ་རླངས་འཁོར་གྱི་ནང་ལ་བཞག་དུས་ཁུམ་ནས་མ་གཏོགས་སྡོད་མི་ཐུབ་པས།དེའི་སྒང་ལ་ཡང་མང་ཙམ་ཆུད་ཐུབ་པ་དང་།སེམས་ཅན་གྱིས་ལྡད་རྒྱག་པ་དེས་ཤེད་མོ་ལ་གནོད་ཀྱི་ཡོད་པས། ལྕེ་ལ་གཟེར་ཁ་བརྒྱབ་ནས་ལྡད་རྒྱག་རྒྱུ་མེད་པ་བཟོ་བ་སོགས། ཧ་ལས་པའི་སྡུག་སྦྱོང་གཏོང་གི་ཡོད་པ་གོ་རྒྱུ་འདུག དངུལ་མེད་ཐབས་མེད་དུས་སེམས་ཅན་ཕམ་ཚོང་བརྒྱབ་ནས། ས་ཆ་ཁ་ཤས་ལ་དཀའ་ངལ་འཕྲད་ཀྱི་འདུག 
    ལོ་སྟོང་ཕྲག་རིང་གི་འབྲོག་ས་ཚོ་ལ་དེ་ག་དེ་གའི་འགྲོ་སྟངས་ཤིག་ཡོད་པ་རེད། སྙིང་རྗེ་རྩ་བ་ནས་མེད་པའི་མིས་སྲོག་བཅད་པ་ལས། སྙིང་རྗེ་ཡོད་པའི་མིས་འགྱོད་པ་དང་བཅས་ཏེ་མ་ཎི་འདྲ་བགྲང་། མཆོད་མེ་འདྲ་ཕུལ། བྱིན་རྟེན་འདྲ་སྤྲད་པའི་ཐོག་ནས་སྲོག་བཅད་པ་ཡིན་ན་ཡང་ལྟོས་ས་ལྟོས་འཇོག་གིས་ཏོག་ཙམ་དྲག་གི་རེད། གང་ལྟར་རེ་ཟུང་མ་གཏོགས་བརྒྱ་ཕྲག་སྟོང་ཕྲག་བྱས་ནས་གསོད་ཀྱི་མེད། དེའི་རིགས་མཐའ་གཉིས་སུ་མ་ལྷུང་བ་བྱ་རྒྱུ་གལ་ཆེན་པོ་རེད། 
    ཡང་འབྲོག་ས་ཡུལ་ལ་སྤོས། སེམས་ཅན་ཕམ་ཚོང་བརྒྱབ་ནས་བཤས་པ་ལ་བཙོང་། སེམས་ཅན་ཚོས་ཀྱང་ཧ་ལས་པའི་སྡུག་པོ་ཞིག་མྱངས། འབྲོག་པ་ཚོ་ཡང་འཚོ་རྟེན་མེད་པ་ཆགས་པའི་གནས་ཚུལ་ཁ་ཤས་གོ་སོང་། དེས་ཁོར་ཡུག་ལ་ཡང་གནོད་ཀྱི་ཡོད་པས། གནད་དོན་དེ་དག་ལ་བསམ་བློ་གཏོང་དགོས།།

#带着边框一起拍#

#微博[超话]# ࿐ཤེས་བྱའི་རྣམ་གྲངས་མུན་སེལ་སྒྲོན་མེ། ༼བཅུ་དགུའི་ཚན་པ་རྫོགས། ཉི་ཤུའི་ཚན་པ་འགོ་བརྩམས།༽
ཞོགས་ཇ་འཐུང་ཞོར་ལ་ཤེས་ཡོན་སྦྱོང་བ།
知识门类引路灯 (十九类完,二十类开始)


发布     👍 0 举报 写留言 🖊   
✋热门推荐
  • 5日,人际关系不错,有机会认识新的朋友;有外出的机会,一些事情必须要完成,内心会长时间的迷茫,有种失去方向的感觉,需要倾诉;单身的射手桃花运迎来7月最旺的时段。
  • 笑死,刚粉上亚的时候,在B站刷到那个李飞跟他们说“不要相信粉丝的话”的视频,心里想:说得对,公司肯定都为你们好的啊,公司靠你们赚钱怎么会对你们不好,怎么会像粉丝
  • #李硕薰[超话]# #金勇俊# [220127|Wonderful Radio 我是李碩薰|SNS更新] 오늘의 킬포...❗ 단호박 용준의 "옥상으
  • 这种非要说研发二字和办公不符,我是无法理解的,那么严格意义上来说,研发二字也并不符合科研建筑里房间名称,因为科研建筑的本身解释就无“研发”二字[挖鼻]#Find
  • #泰剧恋恋北极星[超话]#北极星只要每个星期六播出就可以了我就乖乖的等着更新就是了,不用纠结,喜欢看的每个星期期待就是了,不想看的不要关注就是了,没人强迫你们看
  • ✍️ 存在备忘录里的文案/ 原图在主页置顶❤️❤️1.最盛大的浪漫是终其一生的专注2.夏天的所有浪漫都应该和你一起3.你永远是我记忆深处的光4.星星藏在湖里而
  • 今天天空很苍白,我离开了农场,那只狗离开我已经很久了,我一个月之前捡来它,它皮发斑驳,村人们说它来自城市,那里的人也许曾喂养了它。 在那只狗消失后,我勉强住了一
  • 著名经济学家马光远老师再度回归,他再次建议大家一定要赶紧买房,不然以后你可能真的就买不起了。著名经济学家马光远老师再度回归,他再次建议大家一定要赶紧买房,不然以
  • 粉质滑滑的上脸不担心显毛孔~套盒里面的除了高光粉其他都是之前的老朋友!开团的亲子夏季居家服,采用的还是超细莫代尔纤维。
  • 我还没有把这些发在朋友圈的勇气…一旦我发 就算打了马赛克 原来的朋友也知道我说的是谁…人生或许总有遗憾 但高中是美好的 恋爱也是美好的只能说也许当时爱的太幼稚
  • Strive, not yield, not regret. Dead poets society.没错,医学、法律、商业、工程,这些都是崇高的追求,足以支撑人
  •   天津市工信局副局长周胜昔向记者介绍,这辆蓝色为主基调的“天津号”历时5个多月研制成功,集成47项先进技术,42家单位联合攻关,关键核心零部件均来自于天津本地
  • #张艺兴[超话]##张艺兴出道十周年# #张艺兴出道十周年了# 张艺兴 出道十周年快乐[送花花][送花花][送花花] 想了很多写了很多也删了很多 原谅我嘴拙
  • #地理冷知识##各类冷知识##海生博语#【岛国迷你,澳洲紧追】“斐济不是任何人的后院,我们是太平洋大家庭的一部分。酒店另一家中餐厅是品宁府,作为体现位列中国四大
  • 学诚法师: 1.“好人得不到好报”是一个假命题,因为我们对一个人的了解是很肤浅片面的,更谈不上三世因果了。 伤害已经造成 无谓降低 #我的前半生# 不过还是曾认
  • 佛家的说法,世界到了住劫的二十劫开始,色界天的光音天天人,到这个世界来玩,因为贪着这世界的「地味」久了就飞升不回去了,所以成了我们的祖先。其实我们年轻时,喜欢男
  • 前一秒爱的死去活来,后一秒就可以冷若冰霜,在这个过程中并不是说他们没有走心,他们很走心,甚至也有想过和对方在一起的未来,但他们最终衡量的是这段感情,而不是这个人
  • 吃货小合集[猪头] 【28.9】Miok缪可奶啤6罐 【7.9】六婆辣椒面2g*50包 【11.5】无蔗糖奶酪块150g 【12.13】鲜花饼12枚 【13.
  • 而大量旧钝一族则一洼更比一洼深,依旧停留在有生命力的老应用上,故:新媒体发展,不会立即致纸媒崩溃,微博发展也未灭掉天涯、贴吧和QQ空间,同理微信也无法崩灭一切。
  • (8)圆头、覆披毛:根据所制笔头口径要求,把梳好的“贴子”圆成笔柱,整齐排列在水板上,然后,用同样的方法做好披毛。(6)配笔尖:把准备好的笔尖“材子”根据笔头长