ཕ་ཡུལ་ལ་ལོག་ཐེངས་རེ་རེ།

སྨན་བླ་སྐྱབས།(ལྷ་ས) 

ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཁྱོད་ཀྱིས་ཕ་ཡུལ་གྱི་སྐོར་ལ་བསམ་གཞིག་ཁ་ཤས་མི་གཏོང་ཀ་མེད་ཡིན། སྤྱིར་ལོ་ན་དང་བློ་དཀྱེལ་མཉམ་དུ་སྨིན་པ་དང་བསྟུན་ནས། ཕ་ཡུལ་གྱི་གདགས་གཞི་ལའང་གོ་དོན་རེ་གཉིས་འབྱུང་སྲིད། ཕ་ཡུལ་ནི་སྤྱན་རས་གཟིགས་ཀྱི་གདུལ་ཞིང་སྟེ་གངས་ཀྱི་ར་བས་བསྐོར་ཅིང་ཆུ་ཡི་སྐ་རགས་འཆིང་བའི་དཀར་ལྗང་སྔོ་སྨུག་གིས་གྲུབ་པའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་ཞིག་ཡིན་ཆོག་ལ། ཕ་ཡུལ་ནི་རང་ཉིད་སྐྱེ་ས་མཆེད་ཡུལ་གྱི་ཡུལ་གྲུ་བྱེ་བྲག་པ་དེའི་རུ་སྡེ་གང་གི་རང་གི་ཕ་རྒན་དང་རང་གི་བུ་ཕྲུག་དག་གི་ཕ་རྒན་སྐྱེ་སའི་ཡུལ་ལ་བྱ་ཆོག་གམ་སྙམ། ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཆེ་ཆུང་གཉིས་སུ་བཀྲལ་ཆོག་པའི་ཐ་སྙད་དེས་ཁྱོད་ཀྱི་ལུས་སེམས་ལྷོད་པར་བྱེད་ལ་མིག་ཟུང་གདུང་བར་ཡང་འགྱུར་གྱི་ཡོད།

ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཕ་ཡུལ་གྱི་འཕེལ་རྒྱས་སུ་བཏགས་པའི་འགྱུར་བ་སྣ་ཚོགས་པ་ཞིག་མིག་མཐོང་གཟུགས་གྲུབ་རེད་ལ་འགྱུར་བ་དེའི་གོམ་སྟབས་ཀྱི་མགྱོགས་འགྲོས་ནི་ཧ་ལས་ཧང་སང་བ་དང་སྐབས་རེར་བློ་འཚབ་སྐྱེ་དགོས་པ་ཞིག་ཀྱང་རེད་འདུག གཞུང་ལམ་དང་འཁོར་ལོ་འདྲ་མིན་གྱིས་མི་རྣམས་ཀྱི་འགྲོ་སྐྱོད་ལ་སྟབས་བདེ་པོ་ཁྱེར་འོང་གི་འདུག གཞུང་ལམ་དང་འཁོར་ལོ་འདྲ་མིན་གྱིས་མི་རྣམས་ཀྱི་བཅའ་ཀ་དང་གྲོད་ཁོག་ལ་ཕྱགས་དར་འདྲ་མིན་དབོར་འོང་གི་འདུག མཐོང་མ་མྱོང་བའི་ཉེར་སྤྱད་དང་གོ་མ་མྱོང་བའི་རིམས་གསར་སྣ་ཚོགས་དྲུད་འོང་གི་འདུག ཆ་འཕྲིན་གྱི་གོས་ལྭ་གྱོན་པའི་སྨྱོན་པའི་ལག་ལ་རལ་གྲི་དཔེ་གསར་དག་དར་འོང་གི་འདུག གཞུང་སྒེར་གང་རུང་གི་གོ་མཚོན་ཏུ་གྱུར་པའི་ལག་ཐབས་དེ་དག་གིས་རིགས་རྒྱུད་ཀྱི་ལྕེ་ལ་རྒོལ་གྱིན་འདུག རིག་གནས་ཀྱི་སྲོག་ལ་རྒོལ་གྱིན་འདུག མི་ཐོག་མིས་བརྗེས་ཏེ་མི་སེམས་ཧམ་པས་སྦོས་ཡོང་གི་འདུག བརྣབ་སེམས་ཇེ་ཆེ་དང་སྙོམས་ལས་ཇེ་ལྕིར་འགྲོ་གི་འདུག ཁ་ཆག་སྣ་རལ་དུ་འགྱུར་བཞིན་པའི་ཁོར་ཡུག་དང་ཁོར་ཡུག་གི་འགྱུར་ཕྱོགས་ཀྱིས་མི་ལུས་ཀྱི་ཆ་བྱད་དང་ཕྱི་རབས་པའི་སྐྱེ་འབྲས་ཀྱང་འགྱུར་འགྲོ་གི་འདུག ནང་གི་བྱེད་པ་དང་ཕྱི་ཡི་ངོ་འཛུམ་ཡང་ཡལ་འགྲོ་གི་འདུག ཕྱི་རབས་པའི་བཞིན་ལ་གར་ཡོང་ཆ་མི་འཚལ་བའི་སྡང་མིག་དང་སྡང་མིག་གི་ཟུར་མདའ་ལ་སྐུང་བའི་རྩུབ་སྤྱོད་ཅིག་ཀྱང་འགོས་ཤིང་མངོན་ཡོང་གིན་འདུག ཕ་ཡུལ་ལ་ལོག་ཐེངས་རེ་རེར། རིན་ཐང་མེད་པ་དང་རིན་ཐང་མེད་པ་གཉིས་ཀྱི་རིན་ཐང་ཕྱིན་ཅི་ལོག་པའི་སྣང་ཚུལ་མང་པོ་ཞིག་མཐོང་ཡོང་།

ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཕ་ཡུལ་གྱི་སྐོར་ལ་ཡང་བསྐྱར་མནོ་བསམ་ཞིབ་ཏུ་གཏང་དགོས་འབྱུང་། ཞིབ་ཏུ་བསམ་ཞིང་གཞིགས་པའི་ཚེ། ས་སྒང་སྔོ་རིལ་འདི་པ་ཇེ་ཆུང་ནས་ཇེ་ཆུང་དང་བརྟན་གཡོ་ཐམས་ཅད་རྫོགས་ལྡན་དུ་འབོད་པའི་ཧམ་རྩོད་ཀྱི་དུས་རབས་ཤིག་ལ་སླེབས་ཚར་ན། དར་ལྕོག་རླུང་བསྐྱོད་ཀྱི་ཡུལ་ལུང་ཞིག་གིས་དུས་ཀྱི་བརྡབ་ཞོགས་ཆེན་མོའི་རླབས་ཤུགས་ཀྱི་ཨར་བརྟེན་གྱི་མ་རེད་དེ། རང་ཉིད་དང་བཅས་པའི་དུས་ཀྱི་དར་སོའི་དབང་དུ་ཤོར་བ་དག་བསམ་པའི་བཀོད་པ་དམིགས་བསལ་པའི་སྟོབས་ཀྱིས་ཧམ་འདོད་ངོམས་མེད་ཅིག་ཀྱང་ཡིན་མི་སྲིད་དེ་ག་ལ་ཡིན། ཨ་གསར་སྤེན་མའི་མེ་ལྕེ་དེ། འབར་སྐབས་དྲོ་རུང་འབར་ཡུན་ཐུང༌བ་ལོས་ཀྱང་ཤེས། ད་དུང་ཡང་། བརྟན་པ་སྣོད་ཀྱི་འཇིག་རྟེན་མ་རུ་བསྒོམས་ཡོད་ལ། གཡོ་བ་བཅུད་ཀྱི་སེམས་ཅན་སྤུན་དུ་སེམས་འདུག་པ་མ་ཡིན་ནམ། མ་ཡིན་ནམ། བྱ་དངོས་གསར་འདྲིས་ལ་དགའ་ཚོར་སྐྱེན་པའི་ཕ་ཡུལ་ལའང་ཚུགས་ཐུབ་ཀྱི་རང་གཤིས་ཙམ་རེ་ཡོད་དང་ཡོད། ཕ་ཡུལ་ལ་ལོག་ཐེངས་རེ་རེར། ངས་ཕ་ཡུལ་ཉིད་སྙིང་ཁར་སྦྱར་ནས་རང་གིས་རང་ལ་སེམས་གསོ་བྱ་དགོས་འབྱུང་།

ཕ་ཡུལ་ལ་ལོག་ཐེངས་རེ་རེར། ནམ་ཟླའི་ས་བཅུད་ཡལ་ནས་ཆར་ཆུ་དུས་ཐོག་མིན་ན་ཡང་། ནམ་མཁའ་སྔོ་ལ་ཡུག་དེ་དང་སྤྲིན་དཀར་ཞོ་གསར་འདྲ་བ་དེ་ནམ་ཡང་བརྟན་ཅིང་རྟག་པ་འདྲ་ལ། རི་རྩེའམ་སྤང་གཤོང་གང་རུང་ནས་རྫི་མོའི་གླུ་ཆུང་རེ་བསིལ་རླུང་དང་འགྲོགས་ནས་འགྲོ་བ་ཐོས་རྒྱུ་འདུག གངས་ལ་རྨིག་རྗེས་མེད་ཀྱང་དཀར་ཆུ་ལོངས་སུ་སྤྱོད་པ་མཐོང་རྒྱུ་འདུག མགོ་ནག་མི་རེ་ངོ་རེས་གསེར་གྱི་འཁོར་ལོ་བརྒྱ་དང་བརྒྱད་རེ་སྐོར་བཞིན་འདུག འགྲོ་བ་རིགས་དྲུག་ཟེར་ཞིང་ཡིག་དྲུག་ཟློ་ལ་སེམས་ཅན་མ་རུ་རློམ་གྱིན་འདུག སློབ་གྲྭ་པ་དང་དགེ་འདུན་འདུས་སྡེ་ཆེན་པོས་དབྱངས་གསལ་ངག་ལ་སྐྱོར་གྱིན་འདུག དངོས་གནས། དེ་དག་ཁྱོད་ཀྱི་སེམས་གསོ་མ་ཡིན་ནམ།①ཕ་ཡུལ་ལ་ལོག་ཐེངས་རེ་རེར། གྲོགས་པོས་སྙན་ངག་གི་ལམ་ནས་བསླབ་བྱ་གནངས་པ་དེ་ཡང་དྲན་ཡོང་ངོ་།།

ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དེ་ལ་རྙིང་རྒྱུ་མེད་ཅིང་། ཕ་ཡུལ་གྱིས་གནང་བའི་མཉེས་གཤིན་དེ་ཡང་བརྗེད་རྒྱུ་མེད། ད་ལྟ། དྲིན་གྱིས་བསྐྱངས་པའི་ཕ་མའི་སྐུ་ཚེ་རྫོགས་ཤིང་རྒན་རབས་རྣམས་ཀྱང་མཐོང་རེ་སྐན། རང་ལུས་རྒ་བས་ནོན་ཞིང་མི་འདོད་ནད་ཀྱིས་བཏབ་སྟེ་ལུས་སེམས་ཨ་ཐང་མ་ཆད་ཙམ་གྱི་དུས་ལ་ཡང་། ངལ་བས་དུབ་པའི་ལུས་པོ་འདི་ཉིད་ཕ་སའི་པང་ལ་བསྙེ་ཆོག་ཀྱང་། རྨ་ཁས་གང་བའི་སེམས་པ་འདི་ཉིད་འཇོག་སའི་གནས་ཤིག་གང་ན་ཡོད།②དེ་ལྟ་ན་ཡང་། བར་སྣང་ཁམས་ནས་གངས་ཀྱི་རྡུལ་མང་བརྩེགས་པའི་དཀྱིལ་འཁོར་དེ་ལ་ཕྱི་མིག་ལྟ་ཐེངས་རེ་རེ་དང་། གོམ་པའི་འདེགས་འཇོག་བྱིས་པའི་དུས་ཀྱི་ལམ་ཕྲན་དེ་ལ་བསྒྱུར་ཐེངས་རེ་རེ་ལ། མི་རྟག་འཇིག་རྟེན་ཁམས་དང་མི་ཚེའི་བཤུལ་ལམ་རིང་མོའི་དཀའ་སྡུག་འཛུམ་གྱིས་བསུ་བའི་དམ་བཅའ་བརྟན་པོ་སྙིང་ན་གསལ། གཅེས་པའི་བུ་ཕྲུག་དག་གི་ལུས་པོ་བདེ་ཞིང་བྱ་བ་ལམ་འགྲོ་ཕ་སྐད་ཕ་ས་ཡིད་ལ་བརྣགས་ཏེ་ཕ་ཤུལ་བུ་ཚས་ཟིན་ཙམ་བྱུང་ན་ཚེ་འདིའི་རྙེད་གྲགས་སྟོང་པར་ཆགས་དོན་ཅི། དབྱངས་གསལ་སོ་བཞིའི་ཟས་རིན་བསབ་པའི་སྐྱེས་བུ་མང་དུ་མེད་ན་ཤུལ་དུ་ཅི་ཞིག་གཞག་པར་འདོད་པ་དེ་ཡང་ཧམ་པ་ཞིག་ཀྱང་མིན་ནམ་སྙམ། མདོར་ན། ཕ་ཡུལ་ཞེས་པའི་བརྡ་དོན་དེ་ནི་རང་གི་ལུས་སྲོག་ཇི་བཞིན་སྣོད་བཅུད་གཉིས་ཆར་ཚེ་འདིར་ལས་འབྲེལ་བྱུང་བའི་སྦྲེལ་ཐག་སྟེ། ཤར་མི་ཉག་གི་འགྲོ་བྲོའི་གཞས་ཚིག་ཅིག་ཏུ། སང་འགྲོ་གནངས་འགྲོ་འགྲོ་ཐལ་མ་བསམ་རོགས།། རྐང་པའི་རི་མོ་མི་ཡུལ་ལུང་ལ་བཞག །རང་སེམས་བསམ་པ་རང་ཡུལ་ཕྱོགས་ལ་བཞག།③ཅེས་པ་ལྟར་རོ།། ཕ་ཡུལ་ལ་ལོག་ཐེངས་རེ་རེར། ཕ་ཡུལ་གྱིས་བྱིན་པའི་བསམ་གཞིག་ཐན་ཐུན་རྒྱུན་ཆད་མེད།

མཆན།
① གྲོགས་ལྗང་བུ་ལགས་ཀྱིས་ཁོ་བོར་བྲིས་པའི་སྙན་ངག«བསམ་བློ་ཡག་པོ་གཏོང་དགོས»ཞེས་པའི་ནང་གི་ཚིག་གཡར་བ།
② རང་རྩོམ«རྩྭ་ཐང»གི་གཞས་ཚིག་ལས་ཁོལ་དུ་ཕྱུང་བ།
③ གྲོགས་གངས་དབང་གི་དྲ་རྩོམ«ཤར་མི་ཉག་རིང་མོར་དལ་གྱིས་བསྐྱོད»ཅེས་པ་ལས་དྲངས།

ཕྱི་ལོ༢༠༡༩ཟླ༢ཚེས༢༥རེས་གཟའ་ཟླ་བའི་དགོང་དྲོར་ཕ་ཡུལ་དུ་གྲུབ་པར་བྱས།
༢༠༡༩ལོའི་《གངས་རྒྱན་མེ་ཏོག》དེབ༤བ་ལས་བདམས།

ཐ་ན་རྨི་ལམ་གཉིད་དུ་ཡོལ་ན་ཡང་།།
བླ་མའི་བྱིན་རླབས་མཆོག་གི་སྣང་བ་དང་།།
ནམ་ཡང་འབྲལ་བ་མེད་པས་རྗེས་བཟུང་ནས།།
རྟག་ཏུ་མགོན་ཁྱོད་དགྱེས་པར་བྱེད་གྱུར་ཅིག།

སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་གི་དབུས་ན།།
རང་བྱུང་པདྨ་རྒྱལ་པོ་སྟོན་འཁོར་གྱི་ལྷ་ཚོགས།།
དབྱིངས་ཡེ་འདུ་འབྲལ་མེད་པའི་དཀྱིལ་འཁོར་དུ་བཞུགས་པར།།
མ་བཅོས་ཡེ་བབས་སོ་མས་གསོལ་བ་རང་འདེབས་ན།།
ཟག་བཅས་འོད་སྐུར་གྲོལ་བའི་དངོས་གྲུབ་ཅིག་མ་གཡེལ།།

གུ་རུ་ཉི་མས། 2021 11 14


发布     👍 0 举报 写留言 🖊   
✋热门推荐
  • 已换工作号 需要贷款➕主页V 缺钱找我 学生和成人周转,短期应急,大额分期,无视一切,帮你渡过难关有学信的成人的,无视学籍类型都来办理。让你摆脱周息的困难,还
  • ✨为刘昊然弟弟打call额小迷妹:这个上次入手了,包装很好看,也很好用✨不怀旧的青春201606:性价比高的眉笔 ,效果还不错咩 ~把妆卸干净,用了没毛病[do
  • 我们只是时间的过客,总有一天,我们会和所有的一切永别。经过的,即使再美好,终究只能是一种记忆;得到的,就该好好珍惜,然后在失去时坦然地告别。
  • 连游戏都不跟我玩!偷截两张图,真的好玩啊#芬达の七月不定期日常# 1⃣ 本周电影《美食、祈祷和恋爱》“毁灭是一种恩赐毁灭通向改变”2⃣ 提前两个月定了一次旅行所
  • 水中的颗粒沉于池底,污泥不断堆积并浓缩,定期排出池外。水厂也有应急预案,“一旦出厂水质出现超标,会立即启动预案停止生产,再报给当地政府部门协调其他供水”。
  • 在我看来,真的找到一个相爱的又是对的人,又能相守几十年不厌倦,真的太难了…微博写的很杂,不同时间不同内容,看到什么心血来潮就会发什么。不过我快乐呀,这不就够了嘛
  • 现在欢迎每个你的加入,入群一起为Kris Wu后续的单曲和专辑助力,因爱聚集(入群暗号见图)同时欢迎在本条微博下留言你对@Mr_凡先生 音乐作品的见解和乐评,因
  • 王迎杰#京津冀协同发展再出发#北京现代沧州工厂位于沧州经济开发区,是河北承接首都产业转移的重大战略支撑项目,也是北京现代首次在京外投建的工厂。沧州市:6月28
  • 我的一个客户允许我在这篇文章中透露他的故事,他只是让我承诺要改变一些细节,比如他的名字和他在公司里的角色。狼群的行为在办公室里每个人都知道这一点,约翰确信人们会
  • 人生不能靠心情活着,而要靠心态去生活,我们都不是完美的人,但要接受不完美的自己,学会独立,告别依赖,对软弱的自己说再见,永远不要停止相信自己!可是.有些爱情.终
  • 没有人能是完美的,但所幸大家都是真实的。或许美化灵魂有不少途径,但我想,阅读是其中易走的,不昂贵的,不须求助他人的捷径。
  • 人在少年是不安分的,刚刚吃罢热的又去饮那凉的,我又喜爱辛辣,这冷的热的辣的一齐入了肠胃,一回两回还好,挨着三四天都如此,肚子自然是要遭殃。)/TK_MyBaBi
  • 原本只是把肖战当做一个墙头,毕竟我是一个诚实的颜狗。可是了解越多越觉得,可能外形只是他所拥有的最不值一提的东西,他是主唱,学的设计,会摄影,温柔但坚定,感情观成
  • 这可能是最特殊的演唱会经历了吧下午急急忙忙从杭州感到徐州 结果太激动手机放在高铁的洗手台上充电忘记拿了 车子开走了 急忙联系工作人员说帮我看看 呆了好久 我决定
  • #热门小说推选[超话]##朝颜辞[超话]##阅读笔记[超话]##小说推荐[超话]##虐文##短篇虐文##甜文##甜文推荐# 先虐后甜小说 *情不知所起,一往
  • 跟哥们儿吃饭,我跟他说,对我来说,心动很容易,喜欢有点难,爱更是难上加难。而且觉得谈恋爱好麻烦哦。 我说,我在学校看到一个我很喜欢的背影,我心里想,如果下次见
  • 一波吃吃杂图 (61) ❶ 烧烤 | 某天深夜的好搭档 ❷ 烧仙草 | 突然特想吃 饭后就还提溜了一杯回去 ❸ 每日坚果 | 618买挺划算的 ❹ 冰面包 |
  • 如果你同时养了猫和鱼,猫吃了鱼,你除了责备猫,更应该责备自己。同样的道理,当你明明知道人性有弱点,却不加防范,而且吃亏的时候,除了怨恨那个人,更应该检讨自己。每
  • 如果生活众里挑一选择了你, 那么二十几岁的你理应做好风险预期。如果这世上真的讲究公平, 那么全身每一处毛孔都不该保持缄默。 做一个处处圆满的人太难,,生活需要
  • 猎狗驻澳代表——陆绣球的饲养员,周日去体验了一次澳式足球。买了$18学生优惠票(原价25),喝了几杯啤酒,嗓子快喊哑了,看鲜活的肉体在眼前奔跑,视觉体验好极了!