བློ་བཟང་མཁྱེན་བརྩེའི་དཀྱིལ་འཁོར་རབ་རྫོགས་པའི།།
འཇིགས་མེད་མཆོག་བརྙེས་ཐུབ་བསྟན་མཁར་འཕགས་ཏེ།།
བཤད་སྒྲུབ་ཆོས་ཀྱི་འོད་སྣང་འབུམ་འབྱེད་པ།།
མཚུངས་བྲལ་སྨྲ་བའི་ཉི་མར་གསོལ་བ་འདེབས།།
འཇིགས་མེད་མཆོག་བརྙེས་ཐུབ་བསྟན་མཁར་འཕགས་ཏེ།།
བཤད་སྒྲུབ་ཆོས་ཀྱི་འོད་སྣང་འབུམ་འབྱེད་པ།།
མཚུངས་བྲལ་སྨྲ་བའི་ཉི་མར་གསོལ་བ་འདེབས།།
ཐུབ་གསུང་བཀའ་ཡི་སྙིང་པོའི་ཡང་ཏིག་ཁྱེད་ཐུགས་དྲི་མེད་འོད་ཟེར་ཏེ། །བདུད་རྩིའི་ཆར་བཞིན་པང་ལ་འཇོ་བར་སྙན་པའི་འབྲུག་སྒྲ་ལྷོ་ནས་གྲག །གསེར་གྱིས་མཛེས་པའི་བྱ་འདབས་ལས་ནི་གཡེར་དྲིལ་སིལ་བུར་འཁྲོལ་བ་དེས། །བྱིན་རླབས་གསར་བས་བསུས་ཏེ་བྱོན་པའི་ཉམས་ཀྱི་བདེ་བ་ངང་གིས་སྟེར། །
དེ་རིང་ནི་བདག་ཅག་གི་སྟོན་པ་སྐྱེ་དགུ་ཡོངས་ཀྱི་མ་འདྲེས་པའི་མཛའ་བཤེས་ཆེན་པོ་བསྐལ་པ་བཟང་པོ་འདིའི་རྣམ་འདྲེན་བཞི་པར་བྱོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་མཆོག་ཁོང་མདོ་རྒྱ་ཆེར་རོལ་བ་དང་མདོ་ཉི་མའི་སྙིང་པོ་འདུལ་བ་ལུང་གཞི་རྣམས་ལས་དཔྱིད་ཟླ་ཐ་ཆུང་ས་གའི་ཚེས་བདུན་ལ་ལུམྦི་ནིའི་ཚལ་དུ་སྐུ་བལྟམས་པའི་དུས་ཚེས་ཁྱད་པར་ཅན་ནོ།།
✋热门推荐