མདོ་གསེར་འོད་དམ་པ་ལས།
གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །
སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །
ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང༌། །
དབུལ་བའི་སྡུག་བསྔལ་སྡུག་བསྔལ་ཞི་བར་ཤོག །
愿此金光妙鼓音,
在这三千世界中,
恶趣诸苦阎罗苦,
贫苦痛苦皆息灭。


《金光明经》

དག་པའི་ཞིང་མཆོག
ཨེ་མ་ཧོཿ
དག་པའི་ཞིང་མཆོག་ལྷོ་ནུབ་དཔལ་རི་ནས༔
རྒྱལ་བ་ཀུན་འདུས་གུ་རུ་པདྨ་འབྱུང་༔
ད་ལྟ་དུས་ངན་སྙིགས་མའི་སྐྱེ་འགྲོ་ལ༔
ཐུགས་རྗེས་གཟིགས་ནས་བདག་ལ་དགོངས་སུ་གསོལ༔

སྤྱི་གཙུག་ཉི་ཟླ་པདྨའི་གདན་སྟེང་དུ༔
རྩ་བའི་བླ་མ་ཨོ་རྒྱན་རིན་པོ༔
བཀའ་བརྒྱུད་བླ་མ་རྣམས་ཀྱི་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་ངན་ལས་དག་པར་མཛོད༔

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཤར་ཕྱོགས་ལྟ་ན་སྡུག་པའི་ཕོ་བྲང་ནས༔
སངས་རྒྱས་སྨན་བླ་ཨོ་རྒྱན་རིན་པོ་ཆེ༔
སྨན་བླ་མཆེད་བརྒྱད་རིག་འཛིན་འཁོར་གྱིས་བསྐོར༔

གསོལ་བ་འདེབས་སོ་ནད་རིགས་ཞི་བར་མཛོད༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཡེ་ཤེས་མེ་རི་འབར་བའི་ཕོ་བྲང་ནས༔
ཆེ་མཆོག་ཧེ་རུ་ཨོ་རྒྱན་རིན་པོ་ཆེ༔

ཡི་དམ་ཁྲོ་བོ་ཁྲོ་མོའི་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་དངོས་གྲུབ་བསྩལ་དུ་གསོལ༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
མཁའ་སྤྱོད་དག་པ་འོད་ལྔའི་ཕོ་བྲང་ནས༔

མཁའ་འགྲོའི་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔
ཡེ་ཤེས་འཇིག་རྟེན་ཌཱཀྐིའི་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་ཕྱི་ནང་བར་ཆད་སོལ༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

དགྲ་བགེགས་གདུག་པ་བསྣོལ་བའི་ཁྲི་སྟེང་ནས༔
ཆོས་སྐྱོང་གཙོ་བོ་ཨོ་རྒྱན་རིན་པོ་ཆེ༔
ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་རྣམས་ཀྱིས་བསྐོར༔
གསོལ་བ་འདེབས་སོ་དུས་ཀྱི་གཡོ་འཁྲུགས་ཟློག༔

བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
མི་འགྱུར་རིན་ཆེན་གཏེར་གྱི་ཕོ་བྲང་ནས༔
དངོས་གྲུབ་འབྱུང་གནས་ཨོ་རྒྱན་རིན་པོ་ཆེ༔
ནོར་ལྷ་གཏེར་བདག་རྣམས་ཀྱི་འཁོར་གྱིས་སྐོར༔

གསོལ་བ་འདེབས་སོ་དངོས་གྲུབ་ཆར་ལྟར་ཕོབས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཁ་བའི་ཡུལ་ལྗོངས་བོད་ཀྱི་ཞིང་ཁམས་སུ༔
ལྷ་སྲིན་དམ་བཏགས་ཨོ་རྒྱན་རིན་པོ་ཆེ༔

བཀའ་སྲུང་སྡེ་བརྒྱད་གཞི་བདག་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་མཐའ་ཡི་དམག་དཔུང་ཟློག༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
བདེ་ཆེན་པདྨ་འོད་འབར་ཕོ་བྲང་ནས༔

འོད་དཔག་མེད་མགོན་ཨོ་རྒྱན་རིན་པོ་ཆེ༔
ཕྱོགས་བཅུའི་སངས་རྒྱས་སྲས་བཅས་འཁོར་གྱིས་བསྐོར༔
གསོལ་བ་འདེབས་སོ་པདྨ་འོད་དུ་དྲོངས༔
བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
ཨོཾ་ཨཱ་ཧཱུྃཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔

སྟེང་ནས་ཉི་ཟླ་གཟར་སྐར་ཆོ་འཕྲུལ་བཟློག༔
འོག་ནས་ས་བདག་ཀླུ་གཉེན་གདུག་རྩུབ་ཟློག༔
བར་ནས་བཙན་དང་མ་མོའི་གནོད་པ་བཟློག༔
འབྱུང་བ་བཞི་ཡི་ནད་རིགས་ཐམས་ཅད་ཁ་ཐུམས༔
ཕྱོགས་བཞི་མཚམས་བརྒྱད་ཀྱི་མཐའ་ཡི་དམག་དཔུང་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔

རྨི་ལམ་ཐེངས་གཅིག

སྣམ་བུ།


ངས་རྨི་ལམ་ཞིག་རྨིས།
ས་སྲོད་དེར་ང་རང་ཕ་ཡུལ་དུ་ཡོད་པ་ཞིག་རྨིས།
ཁྱོད་དང་འདྲ་བར་གལ་ཆེ་བའི་མི་མང་པོ་མང་པོ་ཞིག་ལ་འཕྲད་པ་རྨིས།
བལྟས་ཚོད་ལ་ཤིན་ཏུ་སྙིང་ཉེ་བའི་མི་དེ་ཚོ་ག་ལེར་ངའི་འཇིག་རྟེན་དུ་ཐིམ་ཞིང་འཚོ་བ་དང་གྱེས་སོང་བ་རྨིས།

ངས་རྨི་ལམ་ཞིག་རྨིས།
ཕྱི་དྲོ་དེར་འུ་གཉིས་ལར་ནས་ངོ་མ་འཕྲད་པ་ཞིག་རྨིས།
ཁྱོད་དང་འབྲེལ་བའི་དགའ་སྐྱོ་མང་པོ་ཞིག་ཀྱང་ང་ལ་ཡེ་ནས་འབྲེལ་བ་མེད་པ་ཞིག་རྨིས།
དེ་ནི་ཁ་དགུན་ཁ་ཞིག་རེད།

ངས་རྨི་ལམ་ཞིག་རྨིས།
ཞོགས་པ་ཞིག་ལ་འུ་ཚོ་སྔར་བཞིན་སོ་སོའི་འཇིག་རྟེན་ལ་ལོག་སོང་བ་རྨིས།
ཁེངས་ར་དང་ཞེན་ཆགས་མེད།
འགྱོད་སེམས་དང་སྐྱོ་བ་མེད་པར།
འུ་གཉིས་སྔར་བཞིན་རྒྱུས་མེད་རྒྱུས་མེད་ཞིག་ཏུ་གྱུར་སོང་བ་རྨིས།

ངས་རྨི་ལམ་ཞིག་རྨིས།
ཉིན་དེ་ནས་བཟུང་ང་གཉིས་ལར་ནས་ཐུག་འཕྲད་མ་བྱུང་པ་ཞིག་རྨིས།
ཁྱོད་ཀྱི་རྒྱབ་གཟུག་དང་འདྲ་བའི་རི་བོ་དེ་ཡང་ཕ་ཡུལ་དང་ས་ཐག་རིང་ས་ཞིག་ཏུ་ཡོད་པ་རྨིས།

༢༠༢༤-༣-༡༡ཉིན།


发布     👍 0 举报 写留言 🖊   
✋热门推荐
  • ”那一刻我的心也像眼前的沙地一样荒芜了,儿时的美景,魂牵梦绕蓝色故乡,顷刻之间随着秋风卷起的漫漫黄沙烟消云散了…… 回到老宅时,炕沿上居然坐着个大姑娘,我一进门
  • 我就觉得你他娘的真是个爷们儿!但是!
  • 强化协同作战,对新发病例开展更高效更精准的流调,对重点人员流调信息“回头看”加强信息协查排查,先管后筛、边筛边管、严筛严管,以最快速度找准找全密接者,确保不落一
  • #急寻在河南这所医院接受过治疗的志愿军战士#】10月11日,“郑州抗美援朝老战士之家”的张老师委托郑州晚报寻找一批#最可爱的人#。#新乡好网民# 【爱心人士慰问
  • 最后每一次为左呢种事情,我地开始吵架冷战,点解你妈咪爸比企隔离,笑唔停唔到口,只想知道点解渣…就喺呢方向同你讲一下…就喺呢个出发点和落脚点,虽然赚的钱呢帐目比较
  • ♡⃝½゜ ▹只有你 能踏进 我心里的无人区 ​​​ ​​​ ​​​ ​​​ ​​​ ​​​ ​​​ ​​​ ​ ​​​ ​​​ ​​​ ​ ​​​
  • #感恩认识你[超话]#觉明空昧,相待成摇,故有风轮执持世界:「觉明」,就是我们的妄明,就是我们的无明妄想。用方便语来讲,一切的有为法因它而有,从根本无明到枝末无
  • 【3】不露锋芒,远无由之灾《道德经》也讲“生而不有,为而不恃,功成而不居”有本事不显露,有作为不自持,成功了不得意忘形。”这句话就是说的就是人的满足之心,一个人
  • !!
  • 面对哥哥的遗憾,刘啸却安慰到:没有去做歌手其实是我自己错过的,他(刘欢)那个时候有意无意地给我听过很多东西,现在我最喜欢听的两首小提琴曲都是他暑假时拿给我听的,
  • #圣安东尼奥马刺##NBA吐槽大会#123.是猪宝做飞机回京的时候给我录的夕阳他平时是特别懒的记录的人他说因为觉得我会喜欢所以赶紧拍下来 下飞机就发给我了真的很
  • 结合这两条微博有没有发现点问题,玩艺术的越神秘粉丝越死忠越长情啊,我个人是听小汪的歌最多的,大众路人也是听到看到汪苏泷更多吧,但无论从专辑销量还是演唱会号召人数
  • 是身无我。是身如聚沫。
  • 《流浪的红舞鞋》文/和悦天下琴声悠悠山阳灭竹篱院中残影斜文墨点滴留书香深情守不遇当年面怎会洗心空消瘦再不理情愁烟花三月的情节舞动盛情的夜杨柳依依不惜别星辰遥望月
  • 500年了,终于打开了我的裹脚布小说,勉强沉浸自己的世界里放松一下[失望][失望][失望]这几天太难熬了,每天都很焦虑,晚上睡觉就在担心第二天会有什么突发紧急
  • #守护全世界最人美心善的面面# 我的夜尊小殿下啊信你自己,莫信他人。为什么没人说防弹防弹防防弹,刚好是七个字啊,来我们一起最后说一下第一次失败,“我们真的一点都
  •   2、白带出现异常的情况与阴道滴虫感染会有关系,再感染到阴道毛滴虫之后,白带会明显增多,而且还会传出恶臭味,同时阴部也会有明显的瘙痒感,这是属于性病当中的一种
  • 其实有蛀牙是不影响矫正的,可以先接受补牙治疗后再开始矫正,矫正期间也要特别注意口腔卫生的维护。其实有蛀牙是不影响矫正的,可以先接受补牙治疗后再开始矫正,矫正期间
  • 笑颜如花,许自己一场芳华自在,然后带着独属特有的光。2022年报春梅—梅花观察 有人称赞傲立旷野,不屈不饶的白杨;有人留恋悄然盛开,温柔纯洁的茉莉;有人喜欢高
  • 《恰似故人归》长意引领北渊时尚潮流,带耳钉的长意是北渊最潮的仔带耳钉的长意是北渊最靓的仔~北渊尊主·耳钉版,尊主的耳钉又美又野[赢牛奶][赢牛奶]最时尚的北渊王