འཚོ་བ། ཀླུ་སྐྱིད་ལ་ཕུལ་བའི་འཕྲིན་ཡིག

བདེ་མོ་ང་རང་ཧ་ཅང་ཐང་ཆད་ཀྱིན་འདུག་ཁྱོད་རང་དེ་འདྲ་ཞིག་རེད་དམ། ང་རང་འཚོ་བའི་གོམ་གཤིས་དག་དང་ཤིན་ཏུ་ཐག་རིང་ཞིག་ཡིན་པས་ཐང་ཆད་པ་ཞིག་མིན་ཡང་། འཚོ་བ་ནི་འདྲ་མཉམ་ལྟར་རོལ་རྒྱུ་མི་འདུག་པས་ཐང་ཆད་པ་ཞིག་རེད། ཁྱོད་ལ་ཚོར་བ་དེ་འདྲ་བྱུང་གིན་ཡོད་མེད་ངས་མ་ཤེས་མོད། ཁྱོད་རང་སྐབས་རེར་འཚོ་བ་འདི་ལ་སུན་པ་ངའི་ཐག་ཆོད་ཀྱིན་ཡོད། རྒྱུན་དུ་བརྩེ་དུང་འདྲ་མ་ཞིག་གླེང་མཁན་དག་ལ་ང་དགའ་བོ་མེད་མོད། ང་རང་འདི་ལྟར་ཁྱོད་ཀྱི་དབང་དུ་ཚུད་སོང་བ་འདྲ་ཞིག་ཡིན་པར་མནོ་བསམ་བཏང་རྗེས། ཚོད་ཚོད་ལ་བཤད་དཀའ་བ་ཞིག་རེད། འུ་གཉིས་འཛོམས་བཞག་པ་ཞིག་མེད་ཀྱང་བྲལ་བཞག་པ་ཞིག་དེ་ལས་ཀྱང་མེད་པས་བཤད་མ་ཤེས་པ་ཞིག་རེད། འདི་ལྟར་ཁྱོད་ལ་འཕྲིན་ཡིག་ཅིག་འབྲི་བའི་མགོ་བརྩམ་རྗེས་ང་རང་ཁྱོད་ལ་ཇེ་དུང་ནས་ཇེ་དུང་ཞིག་ཏུ་འགྱུར་གྱིན་པ་འདྲ། རེད་ཏེ་ངའི་འཕྲིན་ཡིག་འདི་དག་སྟབས་གཅིག་ཏུ་ཁྱོད་ཀྱི་ལག་ཏུ་འབྱོར་བའི་དབང་དུ་བཏང་ན། ཡང་ན་ཉིན་ཞིག་ངའི་བཟོད་བསྲན་མ་ཐུབ་པས་ཁྱོད་ལ་གསལ་བཤད་རྣམ་དག་བཅས་འཕྲིན་ཡིག་འདི་དག་ཁྱོད་ཀྱི་ལག་ཏུ་སྤྲད་ཚེ། ཁྱོད་ཀྱི་འཚོ་བར་བར་ཆད་ལྟ་བུ་རེ་བྱུང་སྲིད་དམ། དེ་ལྟར་ན་ང་རང་ཧ་ཅང་འགྱོད་ངེས། ལྷག་ཏུ་ངའི་འདི་དག་གིས་ཁྱོད་ལ་ལེགས་སྐྱེས་ཤིག་ཀྱང་མ་མཇོན་ཚེ་ཡིད་ཕམ་པ་ཞིག་ཀྱང་ཅི་ལ་མིན་ཨང་། དེ་ལྟར་བསམ་ན་ངའི་འདི་དག་འབྲི་བར་མཇུག་བསྡུ་བའི་ཚོད་དུ་སླེབས་པ་ཨེ་ཡིན་ནམ་སྙམ། ངས་བྲིས་བྲིས་པའི་ཤ་གསེང་རུས་གསེང་གི་ཡིག་འབྲུ་འདི་དག་ཉིན་ཞིག་ཐལ་རྡུལ་ཞིག་དང་ལྷན་དུ་མཁའ་ལ་འཕུར་སྐབས། ངའི་འཇིག་རྟེན་ནས་ཁྱོད་ལ་ལེགས་སྐྱེས་ཤིག་ཀྱང་སྟེར་མ་ཐུབ་པར་འགྱོད་པ་དྲགས་པོ་སྐྱེ་ངེས། ཡིན་ཡང་ངའི་ནང་སེམས་ཀྱི་བརྩེ་བ་ཐ་དག་ཁྱོད་ལ་ཕུལ་ཟིན་པར་བསམ་བློ་རེ་བཏང་ཚེ་འགྱོད་པ་སྐྱེས་དགོས་པ་ཞིག་ཀྱང་མ་ཡིན་པ་འདྲ། བཤད་བཤད་རྗེས་ང་ལ་ཁྱོད་ཀྱི་བརྡ་འཕྲིན་ཁ་ཤས་ལས་ཅི་ཡང་མི་འདུག བརྡ་འཕྲིན་དེ་དག་ནི་ཁྱོད་ཁོ་ནའི་འཚོ་བའི་གྲིབ་གཟུགས་ཤིག་ལས་ངའི་རོ་ཙམ་ཡང་དེ་རུ་མི་འདུག ཡིན་ཡང་ང་རང་དེ་དག་ལ་བརྩེ་བ་ཤིན་ཏུ་ཆེ། ངའི་ཅོང་བརྡ་རེ་རེ་ཁྱོད་ཀྱི་བརྡ་འཕྲིན་གྱི་ཅོང་བརྡ་ཡིན་པར་གསོལ་བ་ཤིན་ཏུ་བཏབ་མྱོང་མོད། རིམ་བཞིན་ཁྱོད་ཀྱི་བརྡ་འཕྲིན་གྱི་ཅོང་བརྡ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན། མནོ་བསམ་ཞིག་བཏང་ཐེངས་ཁྱོད་རང་འཚོ་བ་གསར་བ་ཞིག་གི་སྣེ་མོར་འབྱར་གྱིན་ཨེ་ཡིན་སྙམ། ཡང་ཡང་དེ་ལྟར་བསམ་ཚེ་ལྷག་ཏུ་ཁྱོད་ལ་ཅི་ཡང་མི་ཤོད་པའི་ཚོད་དུ་སླེབས། ཅི་ལྟར་ངའི་འདྲི་དགོས་པའང་མ་ཤེས་པས་རྨི་ལམ་ཞིག་ཏུ་ཐེངས་རེ་ཡོང་བའི་སྨོན་ལམ་བཏབ་ཞོར་གཉིད་དུ་ཡུར་བ་ཡིན། ང་རང་ང་ལས་སུའང་མི་གསལ་བ་འདི་ངའི་བསོད་ནམས་ཆེན་པོ་ཞིག་སྟེ། གལ་ཏེ་ངའི་ནང་སེམས་འདི་ལྟར་ཁྱོད་ལ་ཤོར་བ་ཞིག་མཐོང་ཚེ་དགོད་བྲོ་བ་ཞིག་ཀྱང་ཡིན་སྲིད། ཡིན་ཡང་ངས་ཁྱོད་ཕྱོགས་སུ་འཕྲིན་ཡིག་སྟབས་བདེ་ཞིག་ཀྱང་བསྐུར་སྤོབས་མི་འདུག ངའི་འདི་ལྟར་འབྲི་བར་དོན་སྙིང་ཡོད་དམ། འུ་གཉིས་མི་ཚེ་འདིར་འདི་ལྟར་ནང་སེམས་སྟོན་པའི་སྐལ་བ་ཞིག་མེད་པ་ཡིན་ནམ། ང་ལ་ཁྱོད་ལྟ་བུའི་ནང་སེམས་ཞིག་བསྟན་པའི་སྐལ་བ་ཡོད་ན་སྙམ་པའི་བུ་མོ་ཞིག་ཡོད་མྱོང་མེད་པས་ཡིན་ནམ། ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་དུས་རྟག་ཏུ་འདུག་པས་ཚོར་བ་འདི་གནོན་ཐབས་བྲལ། ལས་དབང་ནི་འདི་འདྲ་ཞིག་གིས་མཇུག་གྲུབ་པ་ཡིན་ནམ། ང་རང་ཀན་ལྷོ་རུ་ཐེངས་གཅིག་སླེབས་ཤིང་ཁྱོད་དང་ལྷན་དུ་ཁོད་ཡངས་ཤིང་བློ་བདེ་བའི་ཁ་བརྡ་ཞིག་ཡོང་བའི་སྐལ་བ་མེད་པ་ཡིན་ནམ། མིན་ན་འུ་གཉིས་བརྙན་མིག་ཅིག་ནས་མཇལ་འཛོམས་བྱུང་སྟེ་ངའི་འཕྲིན་ཡིག་འདི་དག་ཁྱོད་ལ་ཕུལ་བའི་བསོད་ནམས་ཀྱང་མེད་པ་ཡིན་ནམ། ངའི་རྣམ་འགྱུར་ཅིག་ཀྱང་བསྟན་ཁོམ་མ་བྱུང་བར་ཁྱོད་རང་དེ་ལྟར་གཞན་ལག་ཏུ་ཤོར་སོང་བ་ཡིན་ནམ། བསམ་པའི་ཚད་དང་སེམས་པའི་བར་ཐག་ཡོངས་ནས་ངས་ཁྱོད་ལ་བྱ་དངོས་གང་མང་བསྟན་མོད། ཁྱོད་ཀྱིས་ཅི་མ་མཐོང་བ་ཡིན་ནམ། ཡང་ན་ང་ལ་སྙིང་རྗེ་བ་ཡིན། ང་རང་སུ་ཁྲོན་ནས་ཀན་སུའུ་རུ་མི་འབྱོར་བའི་སྨོན་ལམ་བཏབ་པ་ཡིན། ཨོ་ང་འབྱོར་ཀྱང་ཅི་བྱ་སྟེ་འུ་གཉིས་ནང་སེམས་ནས་ལྷན་འཛོམས་བྱུང་མྱོང་མི་འདུག ངའི་སེམས་པ་འདི་རྒོད་ཀྱིས་ཁྱོད་ཕྱོགས་སུ་ཤོར་སོང་བ་ཞིག་མིན་ཡང་། གློ་བུར་དུ་ཚོར་མེད་ཉམས་མེད་ཀྱིས་ཅི་ཡང་མ་གོ་བར་བུད་སོང་བ་ཞིག་རེད། འདི་ནི་ང་ལ་མཚོན་ན་གནོན་དཀའ་བའི་སེམས་པ་ཞིག མཚན་བདེ་ལེགས། ངའི་ད་བར་དུ་ཁྱོད་ཀྱི་བརྡ་འཕྲིན་ཞིག་ལ་སྒུག་པ་ཡིན། ད་སྐབས་མཚན་ཕྱེད་ཡོལ་ཟིན་ཁྱོད་རང་འཇམ་ཅག་གེར་མཐོང་རྒྱུ་མི་འདུག ང་ཡིས་སུ་ལའང་མ་བཤད་པར་ཁྱོད་ལ་འཕྲིན་ཡིག་འབྲི་བཞིན་ཡོད། རྣ་ལམ་དུ་ཡང་ཡང་གླུ་གཞས་ཤིག་བཏང་ཞོར་ཁྱོད་ལ་འཕྲིན་ཡིག་འབྲི་བཞིན་ཡོད། གླུ་གཞས་ནི་ཁྱོད་དང་འུ་གཉིས་ལ་ཆ་རྒྱུས་ཤིན་ཏུ་ཆེ་བའི་<ཚ་བ་རོང་གི་བརྩེ་འདུན།>ཞེས་པ་དེ་ཡིན། རྨི་ལམ་ཡག བདེ་སྐྱིད་ལྡན་པར་སྨོན།



2023-5-16ཉིན། ལེའུ་དྲུག་པ།

『2023ལོའི་དྲན་ཐོ་མཁའ་སྤྱོད་མ། | འཕགས་ཆེན།』https://t.cn/A6l18lBd མཚམས་འདི་ན་ཐོན་དུས། ཕྱི་དྲོའི་ཉི་འོད་ཀྱིས་ཟུར་མང་དགོན་པའི་གསེར་ཏོག་ལ་བཀྲག་མདངས་བསྣན་སོང་། གསེར་འོད་ཀྱི་སྣེ་མོ་གཅིག་ངའི་མིག་ཟུང་ལ་འཐེན་ཡོད། ངས་ཞི་འཇམ་དང་ལྷོད་ཉམས་ཀྱིས་ཁེངས་པའི་དགོན་པའི་ཁོར་ཡུག་ཀུན་ལ་མིག་བཤེར་ཞིག་བྱས། རང་ཉིད་གནས་འདིར་ཡུན་རིང་བསྡད་པའི་ཕྱོགས་ལ་བློ་ཁ་བསྐོར་ནས་ཁང་པ་ནང་དུ་ལོག་པ་ཡིན། བདག་གི་གྲྭ་ཤག་ཡིན་ལ་ཁྱིམ་ཡང་ཡིན་པའི་ཁང་པ་གྲུ་བཞི་ནང་ནས་སྟོང་ལོ་གསར་པའི་ཡུལ་སྐོར་ལྗོངས་རྒྱུ་ལ་ཆས་པའི་སྟ་གོན་བྱེད་བཞིན་ཡོད།[咖啡]

2023年书单:
1.《了凡四训》袁了凡
2.《记一忘二三》 李娟
3.《一间自己的房间》 弗吉尼亚·伍尔夫
4.《有本事》冯唐
5.《日本,一种纸上的风景》 周朝晖
6.《鼠疫》加谬
7.《མེ་ཏོག་དང་རྨི་ལམ་》ཚེ་རིང་དབྱངས་སྐྱིད་
8.《雪洞》 维琪·麦肯基
9.《上等快乐 女性怎样自在地活》 上野千鹤子、汤山玲子
10.《中东死生门:巴以行走观察》 周轶君
11.《老派少女购物路线》 洪爱珠
12.《长安的荔枝》马伯庸
13.《越过人生的刀锋:金庸女子图鉴》 六神磊磊
14.《窄门》安德烈·纪德
15.《次第花开》 希阿荣博堪布
16.《财富的灵性法则》吴中立

㊗️新的一年希望有更多的时间看书、


发布     👍 0 举报 写留言 🖊   
✋热门推荐
  •   然而就在昨日,一份意外的“幸福”突然打乱了他的计划——国足主帅里皮为扩大对球员,特别是年轻攻击手的考察范围,决定补招两位年轻前锋,而其中一人正是王子铭。  
  • 其实郭德纲的相声我一次都没有看过现场,这种消费对于我来说有点贵,我仅仅只是从电视里看过他的表演,但我不需要看他的现场表演,因为生活中处处都有郭德纲。有一次与朋友
  • 无可挑剔才是你最想要的~活动价格:两幅288元包邮+流沙盒+护理液 (两幅活动,仅限两幅起送)活动时间:6.20截止售后规则:签收后七天内补运费一副售后一只购买
  • 随后,他们又打败梦龙(Imagine Dragons)、魔力红(Maroon 5)、迪斯可瘪三(Panic! at the Disco)与丹和沙伊(Dan +
  • 各种呆萌的表情深得不少人的喜爱。!
  • 一张图告诉你们为什么韩国医科大减肥药安全 韩国药监局的管理真的不是一般严格 在2018年还做了一番大整顿检查 所以现在开减肥药真的是越来越难 韩国人一项以严谨的
  • #朴春[超话]# #YG# #胜利[超话]# 胜利和朴春在《YG未来战略部 / YG战资》这段太好笑了胜利:啊,来说说现在路人对朴春小姐什么看法啊!秘书:1:朴
  • 活动时间:6月23日(周天) RNG Vs FPX活动流程:水友赛15:00开始 赛制Bo5线下观赛18:00开始签到 19:00正式观赛活动地址:合肥市庐阳
  • 第2件半价,拍2件到手20瓶!!
  • 【世界上最小的猴子倭狨 来自南美的小精灵 和成年人的手掌一样大 | El tití pigmeo, elfo lindo de Sudamérica】Vive
  • #景向谁依[超话]##谁人闻香来,化蝶向景依# 6.23 kilakila直播歌单 『小城谣』01:28 『甜蜜蜜』01:31 『花香』01:37 『折桂令
  • #oner[超话]##岳岳pinkray[超话]##木子洋[超话]##卜凡[超话]##灵超[超话]# 我去找了几个跟咱们应援色差不多应援颜色的演唱会或者表演视
  • #NEOMY原创设计珠宝##NEOMY原创设计珠宝# NEOMY's Jewelry【桃樂絲】海水与火焰的结合,也许是在提醒自己内心既要充满对生活的热爱,也要保
  • 室友已经在考虑十月份隔壁学校高雅艺术进校园活动的那场音乐会了,如果不是隔得太远我也想去[委屈]气质好给人的感觉就是很舒服很舒服啊!真是温柔的人呢,演出已经很辛苦
  • #面部年轻化# #丰联丽格王莉#【口碑解读】天津整形医生于双全的自体脂肪丰胸现在的时代是一个爱美的时代,女性们对胸部的形态更加的重视都想拥有丰满身材,所以很多对
  • 六爻相对来说是一门大宗预测法,自古以来,有很多书和案例流传。若从科学角度来看,观面相、看五官是一门历经千年归纳与统计而来的学问,迄今留下许多脍炙人口的故事,比如
  • #追球女孩有排面##追球女孩有排面#虽然我知道不一定会被抽中,但我尽力了(追球使我感触颇深,然后体会到从未有过的感受,让我想起了自己的初心,多谢范范一路的相伴)
  • 实际上,面相是一个很复杂的综合过程,它不仅要看五官脸型等,还要看肤色,也就是人的气色,还要看身体,还要根据人的整体形象进行五行划分,看面相与体形是否整体搭配等,
  • 现在啥都可加上“风水”帽子!成了广义论的泛风水有:书画风水,茶道风水,玉石风水,美容风水,心态风水,养生风水、吉祥物风水,面相风水,手相风水,六爻,八字,奇门,
  • 南面为综合市场,主营衣帽服饰、玉器古玩、游戏厅等。南面为综合市场,主营衣帽服饰、玉器古玩、游戏厅等。