རིགས་ཀུན་གསང་གསུམ་རྒྱན་གྱི་འཁོར་ལོ་ཆེ།།
པདྨའི་ཐུགས་སྤྲུལ་རྣམ་རོལ་ཁྱབ་བདག་པས།།
བྱིན་རླབས་མེ་ཏོག་མནྡ་ར་ཡི་ཆར།།
བསྙིལ་བས་ཁྱོད་ལ་དགེ་ལེགས་རྟག་སྦྱིན་ཤོག །
བོད་རབ་གནས་ཆུ་ཡོས་ལོའི་ཟླ་ཚེས་ལ་ངྷརྨ་ཀ་རས།

ལྷ་སའི་མཚན་མོ།
ཡིད་འོང་གི་དྲན་པ་དང་གདུང་བ།
སེམས་ཀྱི་དཔལ་བེའུ་ལ་ཕབ་པའི་སྐར་མའི་ཕྲ་ཚོམ།
མཐོང་བ་ནི་རྨི་ལམ་གྱི་མཛེས་པ་ཡིན་ནམ།
ཡང་ན་སྐྱེ་བ་དུ་མར་ཞེན་པའི་ལན་ཆགས་ཡིན།
མཚན་མོར།
ལྷིང་འཇགས་ཀྱི་གསུང་སྙན་འབྱོན་ནམ།
ལྷིང་འཇགས་ཀྱི་དབྱངས་ཟིལ་ཐོས་སམ།
༢༠༢༣ ༡༠ ༢༤ སྐྱིད་ཤོད་ལྷ་སར།

སྙན་ངག་པས་རྒྱལ་སྲིད་ཤོར་བའི་དཔེ།
རྒྱལ་ནག་གི་རྒྱལ་རབས་ཁྲེན་གྱི་སྐབས་སུ། སྙན་ངག་པ་ཁྲེན་ཧྲུའུ་པའོ་རྒྱལ་པོ་བྱས་ནས་རྒྱལ་ས་ཤོར་ཏེ་རྒྱལ་སྲིད་བསྣུབས།
རྒྱལ་ནག་གི་རྒྱལ་རབས་ཐང་ལྷོ་མའི་སྐབས་སུ། སྙན་ངག་པ་ལི་ཡེས་རྒྱལ་པོ་བྱས་ནས་རྒྱལ་ས་ཤོར། རང་གི་རྒྱལ་ཁབ་གཞན་གྱི་མངའ་འོག་ཏུ་ཤོར།
བོད་ཀྱི་སྙན་ངག་པ་རིན་སྤུངས་ངག་དབང་འཇིག་སྐྲག་གིས་དཔོན་མཛད་སྐབས། ཁོང་འཇམ་ཆེས་པས་མངའ་ཞབས་ཀྱི་ཚེ་བརྟན་རྡོ་རྗེས་གྱེན་ལོག་བྱས་ནས་ཁོའི་དབང་ཆ་ཕྲོགས། __༼འཇམ་དབྱངས་བཀྲ་ཤིས།༽

✋热门推荐