གཉིད་དུ་བྱིང་བའི་ལོ་ཟླ རྩི་ཐབས་བྲལ།
གློ་སྙིང་ལ་ཐིམ་པའི་ཕུགས་འདུན་དག།
སྒྱུ་མའི་རང་བཞིན་དུ་མངོན་ནས་བདེན་པར་བཟུང་།
ཅི་ཡང་མེད་པ་ཞིག་དང་མཚུངས་བར་གདའ་།
གཟུགས་ཅན་གདོས་བཅས་ཀྱིས་
མི་ཚེའི་རབ་ཁ་རུ་མཚོན་གྱིས་གཙེས།
ཐ་ན་

འཚོ་བས་ཀྱང་ལྷག་ཏུ་གཙེས།
དེ་དུས་ཀྱི་ཁྱོད་ནི
འཁྱམས་ཉུལ་གྱི་རྣམ་ཤེས་འཁྱག་རོ་ཞིག།
སུས་ཀྱང་མཐོང་ཐབས་བྲལ།

ཆེ་བ་བཅུ་དྲུག་གི་བསྟོད་ཚིག་དད་པའི་པད་མོ་འཛུམ་པའི་ཉིན་བྱེད།

ཀ་བཞི་འཇམ་དབྱངས་བསམ་གཏན།

དད་པའི་ལྷ་ལམ་དུ་བླ་མ་མཆོག།
མཆོག་སྤྲུལ་ཉིན་བྱེད་ཀྱི་དབང་པོ་བརྗིད།།
བརྗིད་ཆགས་གསང་གསུམ་གྱི་གཟི་འོད་དེ།།
དེ་རིང་བསྔགས་བརྗོད་ཀྱི་མགྲིན་གླུ་ལེན།།
ལི་ཁྲིའི་མདངས་ལྡན་གྱི་མཚམས་སྤྲིན་དེ།།
གང་སྐུ་མཐའ་བྲལ་ལ་རྒྱན་དུ་ཆེ།།
མཚན་དང་དཔེ་བྱད་ཀྱི་དབང་གཞུ་དེ།།
གཟུགས་སྐུ་ལྷ་ལམ་ལ་རྒྱན་དུ་ཆེ།།
བརྗིད་ཆགས་ཟིལ་གནོན་གྱི་གཟི་འོད་དེ།།
ཁྱེད་སྐུ་ཉིན་བྱེད་ལ་རྒྱན་དུ་ཆེ།།
རྣམ་འབྱེད་ཤེས་རབ་ཀྱི་རལ་གྲི་དེ།།
མཉེན་ལྕུག་ཕྱག་སོར་ལ་རྒྱན་དུ་ཆེ།།
ཡན་ལག་དྲུག་ཅུ་ཡི་གསུངས་དབྱངས་དེ།།
མགྲིན་པའི་འཁོར་ལོ་ལ་རྒྱན་དུ་ཆེ།།
དྲི་མེད་ལེགས་བཤད་ཀྱི་གློག་ཕྲེང་དེ།།
ཟབ་གསུང་ཆུ་འཛིན་ལ་རྒྱན་དུ་ཆེ།།
འཇམ་སྙན་ཡིད་འོང་གི་ཚིག་རིས་རེ།།
སྐལ་ལྡན་ཐོས་འཛིན་ལ་རྒྱན་དུ་ཆེ།།
གཞུང་མཆོག་ཤེར་ཕྱིན་གྱི་པོ་ཏི་དེ།།
ཕྱག་གི་འདབ་སྟོང་ལ་རྒྱན་དུ་ཆེ།།
རྣམ་དག་ཚུལ་ཁྲིམས་ཀྱི་དྲི་བསུང་དེ།།
ཐུགས་རྒྱུད་པད་མོ་ལ་རྒྱན་དུ་ཆེ།།
གཡོ་མེད་ཏིང་འཛིན་གྱི་རི་དབང་དེ།།
ཁྱེད་ཐུགས་དབྱིག་འཛིན་ལ་རྒྱན་དུ་ཆེ།།
གནས་ལྔ་རིག་པ་ཡི་རླབ་ཕྲེང་དེ།།
ཐུགས་ཀྱི་ཆུ་གཏེར་ལ་རྒྱན་དུ་ཆེ།།
འགྲོ་ཀུན་སྙིང་བརྩེ་ཡི་བསིལ་ཟེར་དེ།།
ཐར་འདོད་ཀུན་མུད་ལ་རྒྱན་དུ་ཆེ།།
འཆད་རྩོད་རྩོམ་པ་ཡི་མཛད་བཟང་དེ།།
མཁས་པའི་དབང་པོ་ཁྱོད་རྒྱན་དུ་ཆེ།།
མཛན་འཕྲིན་འོད་སྟོང་གི་ཟེར་བརྒྱ་དེ།།
རྣམ་ཐར་ལྷ་ལམ་ལ་རྒྱན་དུ་ཆེ།།
བསྟན་འཛིན་རྒྱུ་སྐར་ཀྱི་ཕྲེང་བ་ལས།།
འདྲེན་མཆོག་ཟླ་བ་ཁྱོད་རྒྱན་དུ་ཆེ།།
གྲངས་མེད་གདུལ་བྱ་ཡི་སྤྱི་བོ་རུ།།
རིག་ལྡན་རྣམ་སྤྲུལ་ཁྱོད་རྒྱན་དུ་ཆེ།།
ཆེ་བ་བཅུ་དྲུག་གི་བསྟོད་ཚིག་འདི།།
དད་དམ་གཙང་མ་ཡི་ཀློངས་ལས་བརྡོལ།།
ཚེ་རབས་ཕྲེང་རྒྱུད་དུ་འདྲེན་མཆོག་ཁྱེད།།
འབྲལ་མེད་རྗེས་འཛིན་གྱི་སྨོན་ལམ་འདེབས།།

གུང་ཐང་མཆོག་སྤྲུལ་རིན་པོ་ཆེ་༧འཇམ་དབྱངས་བླ་མ་བློ་བཟང་དགེ་ལེགས་བསྟན་པའི་མཁན་ཆེན་མཆོག་གིས་རབ་བྱུང་བཅུ་བདུན་པའི་མཛེས་བྱེད་ཆུ་ཡོས་ལོའི་བཟང་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོ་ནས་དཔལ་དུས་ཀྱི་འཁོར་ལོའིདབང་གནང་སྐབས་སུ་བྲིས་པ་དགེའོ།།

ཀ༽ལ་པིང་ཀའི་མགྲིན་དབྱངས་མངོན་པར་མཐོ། །
ཁ༽བའི་ལྗོངས་ལ་ཆོས་ཀྱི་སྒྲ་དབྱངས་གྲགས། །
ག༽ས་གང་དུ་གདུལ་བྱའི་རྨོངས་མུན་སེལ། །
ང༽ཡི་སྟོན་པ་འཇམ་དཔལ་བློ་ཤེས་བསྟོད། །


发布     👍 0 举报 写留言 🖊   
✋热门推荐
  • 拜席老会 此会备有新席若干领,施给茶棚,以备香客就地睡眠时铺用。缝绽老会 此会由北京皮匠行业合组而成,在山道等候香客,有鞋破或开绽者,为之缝补或钉鞋掌,修理完了
  • 从做第一块皂,并使用到现在已有10个年头了,孩子和家人都很喜欢,因为添加中药成分,可以有效补充肌肤的营养成分,天然植物油使得肌肤更好的呼吸,从而减少痘痘,红点等
  • #恋人往事[超话]# 世人多双手合祝,你我永远幸福乐! 越过寒冬拥抱你,携手追寻爱真谛! 最想伴你我身边,坚定不移爱信念! 我们要稳稳幸福,能抵挡末日残酷! 缘
  • #余生请多指教播放量40亿#今日突发奇想,写了个小作文,作为xz前粉丝,熬过了227却未能熬过“热情被失望消耗”他的演技我觉得陈情令是巅峰,可能是因为我太喜欢魏
  • !!
  • #关于胃疼这件事怀孕前不知道什么叫胃疼从怀老大开始就实实在在感受到了它的存在两胎加起来吐了200多天有100多天的时间是在天天吐血[苦涩]别人怀孕增重,我减肥两
  • 他也愿意对你好,愿意在你身上花费更多的时间和精力,但是久而久之,你们相处暴露出太多的矛盾,他发现你的情商并不高,跟你相处很累,你根本控制不了自己的情绪,对他有很
  • 项目一线看落实丨筹建园博会 塑有时代印记定州地标性建筑偕众同春,园梦定州  这是将于2023年举办的河北省第七届(定州)园林博览会的主题,体现以人民为中心的办会
  • 正是他的表率作用,唐朝书法也走向了正脉。唐太宗李世民喜好书法,倡导书学,他的楷书很有特色,不仅端正秀丽,还透着一股消散简远的意境。
  • 且试天下:风夕垂死,丰兰息如何找到天机?他知道兰因璧月之秘?
  • [裂开]不由得感叹这屏幕里的风景好美,学妹听了就问起了旅游的事[裂开]除了“如果没有疫情,也不会管那么严搞得我们都不敢出去也不想回去”我也没别的可说了[裂开]唉
  • 这些话对我来说太受用了[泪][泪][泪]在过去的28年,我一直在给我的人生做规划,也一直为了规划而努力。如果我当地理老师,应该会很有意思吧?
  • 拖到现在也是求放过彼此……太折磨人了,而我还有好多事情要去做呢!重生一样,挺好的毕竟艰难了这么久,每每感觉自己快顶不过去了也才会认真思考将来如何如何……我主要是
  • 道家名道,佛家名心,景教名上帝,都是指的一个东西,是有中无,是万法之根,世界之源。德不是善良,也不是名气,不能说一个人善良就是有德,这是误解,只有顺道则有德,德
  • 钱进认为,地方政府热衷于设立产业引导基金的另一个原因是,可以通过产业引导基金的形式实现资源的正循环。安徽省高新投相关人士告诉中国证券报记者,不论以什么样的招商形
  • 如果原微博底下有人问到的话,我希望小姐姐可以替我解释一下,我有进行售后,给您退款和免费补发新的~不要让大家产生误解[心]按照我原本的选料和做工绝对不会有掉色起球
  • 荒诞幽默如《未来学大会》深沉隽永如《索拉里斯星》太空旅行者伊翁·蒂奇带你领略不一样的波兰科幻泰斗●斯坦尼斯瓦夫·莱姆二十段天马行空的科幻喜剧、二十年文字生涯的精
  • 详见:「星巴克臻选®巡味世界之旅」的火车已经旅途过半啦~回顾每一场的闪烁瞬间,隔着屏幕都能被欢乐和温暖的氛围所感染❤️我们以咖啡为纽带,以臻选之味探索这场舌尖“
  • 网购的东西今天也要到了,到时候再下去取快递,这样加起来也有1k+步,下午要发面蒸馒头,没有功夫出去的,那时候也是一天中气温最高的时候,不能出门,晚上再说,说不定
  • [兔子][兔子] 感谢你陪伴着我们的每一刻,每一场直播没一部剧,都让我们对你的喜爱更进一步,谢谢你的出现,丰富了我们的生活,你的欢声笑语总能给我们带来很多动力