ཕན་མཛད་དེ་ཡི་བསྟན་པའང་སྲིད་པའི་མཐར། །ངན་རྟོག་རླུང་གིས་རྣམ་པར་མི་གཡོ་ཞིང་། །བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ། །ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག།

མིར་སྐྱེས་ཀྱང་མི་ལས་བརྒལ་བའི་སྐྱེས་བུ།

_________ ཀིར་སྒར་ཕུན་ཚོགས།

སྡུག་བསྔལ་རྒྱུ་དང་རྟག་ཏུ་བདེ་བའི་གནས།།
གང་ཡིན་རང་གིས་རང་ལ་དྲི་བ་བསྐུལ།།
བདེན་པའི་ཆེད་དུ་རྒྱལ་སྲིད་བློས་གཏོང་བ།།
རྒྱལ་སྲས་དོན་གྲུབ་གཽ་ཏམ་བུ་དེར་འདུད།།

རང་གི་མགོན་དང་རང་གི་དགྲ་དཔུང་ལ།།
རང་ཉིད་གཏད་དེ་རྣམ་དག་རིག་སྟོབས་ཀྱིས།།
བསྲེག་བཅད་བརྡར་བའི་ངེས་ཤེས་འདྲེན་པར་གདམས།།
རང་ཉིད་རྒྱལ་བའི་ལྷ་མཆོག་ཤཱཀྱར་འདུད།།

ཟག་བཅས་བདེ་བའི་འདོད་འདུན་རིང་དུ་དོར།།
ཏིང་འཛིན་ཞི་བའི་འཆར་སྣང་ཡིད་དུ་ཕབ།།
ཡང་དག་ལམ་དང་ཡང་དག་ལྟ་བ་དང་།།
ཡང་དག་ཆོས་ཀྱི་རྒྱལ་ཁམས་གསར་དུ་བསྐྲུན།།

ཡང་དག་གནས་ལུགས་བདེན་བཞིའི་འགྲོས་སུ་བཏེགས།།
རྟེན་འབྱུང་ཆོས་ཉིད་གྲུབ་པའི་གཤིས་ལུགས་ལ།།
རྣམ་འབྱེད་ཤེས་རབ་གཏམ་གྱིས་རང་སྒྲ་བསྒྲོགས།།
རྒྱལ་བ་ཡང་དག་སྨྲ་བའི་མགོན་དེ་རྒྱལ།།

སེམས་ཅན་ཁམས་དང་མོས་པ་བག་ཆགས་སུ།།
འཁོར་གསུམ་ཐེག་ལུགས་བདེན་པའི་གཏམ་དུ་བྱས།།
དྲང་དོན་ངེས་དོན་ལྡེམ་དགོངས་མན་ངག་སྦར།།
མི་རུ་སྐྱེས་པ་ལྷ་ཡི་མཆོག་གྱུར་རྒྱལ།།

_______ དེ་ཝི་ཀོ་ཊའི་ལུང་པ་ནས།

བཀའ་གདམས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱི་གསུང་བགྲོས་ཐོར་བུ།

བདུན་པ
ཡང་འབྲོམ་སྟོན་པ་ལ་སྐུ་མཆེད་གསུམ་གྱིས་བདག་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་བྱེད་པ་ལ་ལྟ་བ་དང་སྤྱོད་པ་གཉིས་གལ་གང་ཆེ་ལགས་ཞུ་པས། སྟོན་པའི་ཞལ་ནས། རྟེན་གྱི་གང་ཟག་ཅིག་ཐེག་པ་ཆེན་པོའི་སྒོར་ཞུགས་ནས། བདག་གཞན་གྱི་དོན་ཕུན་སུམ་ཚོགས་པར་བྱེད་པ་ལ། ལྟ་བ་རྣམ་པར་དག་པ་དང་། སྤྱོད་པ་རྣམ་པར་དག་པ་གཉིས་ཟུང་དུ་འབྲེལ་དགོས། ཡ་བྲལ་གྱིས་མི་གཏུབ་གསུང་། འོ་ན་ལྟ་སྤྱོད་རྣམ་པར་དག་པ་ཇི་ལྟར་ལགས་ཞུས་པས། སྟོན་པའི་ཞལ་ནས། ལྟ་བ་རྣམ་པར་དག་པ་ནི་དོན་དམ་པར་ཆོས་ཐམས་ཅད་དངོས་པོ་ཅིར་ཡང་མ་གྲུབ་པས་ཡོད་མེད་རྟག་ཆད་ལ་སོགས་པའི་མཐའ་ཐམས་ཅད་རྨི་ལམ་སྒྱུ་མ་སྤྲུལ་པ་ལྟ་བུར་ཤེས་ཤིང་། དེ་ཡང་རང་གི་སེམས་སྣང་འབའ་ཞིག་ཏུ་རྟོགས་ཏེ། དངོས་པོ་གང་ལ་ཡང་ཡིད་མི་གཏོད་ཅིང་གང་གི་ཡང་རྗེས་སུ་མི་འབྲང་བ་ཅིག་ཡིན། སྤྱོད་པ་རྣམ་པར་དག་པ་ནི། ཀུན་རྫོབ་རྨི་ལམ་སྒྱུ་མ་ཙམ་དུ་ལས་དཀར་ནག་གི་འབྲས་བུ་མི་བསླུ་བར་ཤེས་ཏེ། ལས་རྒྱུ་འབྲས་ལ་འཛེམ་ཞིང་། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་དོན་ལ་བརྩོན་པ་ཅིག་ཡིན། དེ་ལྟ་བུའི་ལྟ་སྤྱོད་རྣམ་པར་དག་པ་དེ་ཡང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་པ་ཅིག་ལ་ངང་གིས་འབྱུང་གསུང་།   

འོ་ན་ལྟ་སྤྱོད་ཡ་བྲལ་བ་ལ་སྐྱོན་ཅི་ཡོད་ཞུས་པས། སྟོན་པའི་ཞལ་ནས། ལྟ་བ་རྣམ་པར་དག་པ་ཅིག་ཡོད་ཀྱང་སྤྱོད་པ་རྣམ་པར་མ་དག་སྟེ། ལས་རྒྱུ་འབྲས་ལ་མི་འཛེམ་ཞིང་སྤྱོད་པ་རྩིང་པོར་ཤོར་ན་བདག་གཞན་གཉིས་ཀའི་དོན་མི་ནུས་ཏེ་ལྟ་བ་དེ་ཡང་གོལ་བར་འགྲོ། སྤྱོད་པ་རྣམ་པར་དག་པ་ཅིག་ཡོད་ཀྱང་དངོས་པོའི་གནས་ལུགས་མ་རྟོགས་ན་བདག་གཞན་གཉིས་ཀའི་དོན་མི་ནུས་ཏེ་སྤྱོད་པ་དེ་ཡང་གོལ་བར་འགྲོ། དེས་ན་ལྟ་སྤྱོད་ཟུང་དུ་འབྲེལ་ནས་ལམ་ལོག་པར་ལྟུང་བས་ཟུང་འཇུག་ལ་བསླབ་དགོས་གསུང་། 

མུ་འགོད།  https://t.cn/z8Ac3wc


发布     👍 0 举报 写留言 🖊   
✋热门推荐
  • 可有一点很不解,为什么要改歌词?节目组求生欲真强,也委屈彭裤子了,居然唱出来了。
  • 【5.0剧透慎看】堵上双方的未来而战,谁输了谁就是未来历史上的反叛者,反派。说实话虽然我很想打他,但是我真的不想杀他,他背负着他所有的人民,那一张张面具就是他的
  • ……#仙家军的家[超话]#不喜欢可以不看,非要在哪里打字,就那点文化水平还要用完 ,小黑粉我替你觉得可悲啊,李亚倪又不是人民币,做不到能让人人都喜欢她的程度,生
  • 可是她做了:只不过是在园丁身份的总裁面前做的。但事情的发生绝对不是偶尔性:因为她的傲慢和无礼,总是无法跟她在电视机前的那个满腹经纶、满口仁义道德的于丹划不上等号
  • 像东京都23区这种税金充足的地方,垃圾焚烧炉的性能也是极其好,所以垃圾分类并不算复杂。这些垃圾分类其实在杭州这样的地方,很早就在做了。
  • 好像又让我找到了坚持的意义。但这时候特别感动我的小姑娘能记得我第一次和她谈话时告诉她,要坚守我们内心最宝贵的善良和正直。
  • 妈妈这个称呼太久远了好像从来没有叫过 我也没有听到过对啊 时间让我都没有了期待如果只记得名字就记着吧全世界都有资格来指责我 唯独你没有一个妈妈从来不会不要自己的
  • 哥哥弟弟们出道一百天快乐,我相信到下一个一百天时,你们一定会有更多人喜欢∠( ᐛ 」∠)_动图是春日记忆的时候录哒,大家都打开手电筒一起合唱啦(以及夹缝中摇棒[
  • #薛之谦[超话]##薛之谦717生日快乐# 老薛 你今天36岁了 今天是我陪伴你的第745天了 谦友都知道 你现在的成功有多么的来之不易 但幸好 你都坚持过来了
  • 说过好多次要来找我玩都被我拒绝了emm毕竟姐姐要开始矫牙了[doge]从七月头的时候就跟他说我这个月没有休息了emmm他也知道我就是不想让他来骗他的emm再后来
  • 《郑外天天欢喜酩酊》七 ------韦跃全点赞,诗语欢声。2019-07-16,23:30。 卧虎藏龙,郑外翩行; 藏龙卧虎,中展精英。 教子有方,家长心
  • 其实我也挺旺明星的,被我喜欢过的都能火。除了我最喜欢的当年本命,在我拍毕业照时爆出来很糟糕的绝对不能原谅的负面新闻,结果照片里全班就我哭丧着脸。
  • 非常扁平的感受一下,你在与不同地区的人交往的时候有过这样的经历吗?这位富布赖特学者之前的大米理论主要讲的是在中国,种植水稻的南部更加倾向集体主义,而北方小麦种植
  • 什么呢 就是我前天去人事厅办事 因为之前有太多不懂的也就打算先咨询一下问问 办公室那女的对我态度可不好 不想搭理那种 我也委屈呀 我只是咨询咨询事我还啥也
  • 世界卫生组织(WHO)曾提示,长期嗜高糖食物的人平均寿命比正常饮食的人要缩短10~20年。03血管警戒线:总胆固醇5.18如果你想更了解你的血管,请先去做个血脂
  • 我过去也特别希望有这么一个人能够包容我的不成熟,能够理解我的孩子气,能够看着我一步步白手起家作出来成绩,从一无所有的穷小子发展到最后成家立业也许有一天,功成名就
  • 有些吃惯了粗茶淡饭的人,吃不惯山珍海味,吃惯了山珍海味的人,又怎能吃惯粗茶淡饭,同样,更体会不到粒粒皆幸苦的付出。生活本身就在于简单,活生生非要把生活搞复杂,又
  • #泉州旅游[超话]#有一种很有意思,你和她都觉得什么东西好,喜欢一致的时候,她是跟你聊的来的,一旦你和她出现落差了,就变得我觉得你没意思,不想理你。#纸伯陈[超
  • 【全职--普宁】美加乐等着你们的加入便利店店长标准工时+月休+年假+年终奖+员工活动薪资面议,具有相关工作经验者优先总经办秘书标准工时+月休+年假+
  • 青松馆打卡 맛있다[嘻嘻]虽然在班级聚餐 也要假装自己今天去了TEDx原 613 上演嘴巴嘟嘟中午吃完饭回来睡了个觉和王枣糕说好晚上去看电影 据王传杰所说