༈ དུས་རབས་ཉི་ཤུ་པར་བྱོན་པའི་ཉག་རོང་གི་གཏེར་ཆེན་གཉིས་ཀྱི་དངོས་པར། གཏེར་ཆེན་རང་རིག་རྡོ་རྗེའམ་ཨོ་རྒྱན་སྐུ་གསུམ་གླིང་པ་ནི་ཉག་རོང་ཐང་སྐྱར་འཁྲུངས། ལོ་ཆེན་བཻ་རོ་དང་སྨིན་གླིང་གཏེར་ཆེན་གྱི་རྣམ་སྤྲུལ། ཉག་བླ་པདྨ་བདུད་འདུལ་གྱི་ཐུགས་སྲས་རྡོ་རྗེ་བཅུ་གསུམ་ལས་གཙོ་བོ་ཡིན། གཏེར་ཆེན་ལས་རབ་གླིང་པ་ཕྲིན་ལས་མཐའ་ཡས་རྩལ་ནི་གུ་རུའི་ཐུགས་སྲས་ལས་ཅན་སྙིང་གི་བུ་དགུའི་ཡ་གྱལ་སྣ་ནམ་རྡོ་རྗེ་བདུད་འཇོམས་ཀྱི་རོལ་གར་༧ རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་དབུ་ཡི་བླ་མར་བཀུར་བ་ཞིག་ཡིན་ནོ། །[合十][合十][合十][玫瑰][玫瑰][玫瑰]

༈ ཡང་དར་བསྟན་པ་དབུ་བརྙེས་སྐབས་ཏེ། སྤྱི་ལོ་ ༡༩༧༩ ལོའི་གཡུ་ཐོག་ཚེས་བཅུ་བསྐྱར་འཛུགས་ཐོག་མའི་ཉིན་གྱི་སེར་ཕྲེང་ཐོག་མར་གནང་སྐབས་སུ། དགོན་འདིའི་དགེ་སྐོས་རྒན་པ་བླ་མ་ཀརྨ་ཀུན་ཁྱབ་ཀྱིས་སེར་ཕྲེང་གི་སྣ་འཁྲིད་མཁན་དང་། རྡོ་ཤུགས་འབྱུང་དགོན་པའི་མུ་ར་ཀུན་བརྟན་ཟེར་བས་རྟིང་ནོན་བྱས་ཏེ་སེར་ཕྲེང་བྱོན་པ་ན། དེར་ཡོད་པའི་མི་རྒན་བསམ་ཤེས་ཀུན་གྱིས་མ་བགྲོས་མགྲིན་གཅིག་ཏུ། རྡོ་གཡུ་ཐོག་དགོན་པ་སྔར་ལས་ཀྱང་ཤིན་ཏུ་དར་བར་འགྱུར་ས་རེད། དེ་རིང་ཐོག་མའི་སེར་ཕྲེང་གི་མགོ་ཀུན་ཁྱབ་དང་མཇུག་ཀུན་བརྟན་རེད་ཟེར་ནས་ཐམས་ཅད་ཀྱིས་ཧ་ཅང་དགའ་བོ་བྱས་པར་གྲགས། འདི་ནི་བྱུང་བ་ངོ་མཚར་བ་ཞིག་ཡིན་པ་འདྲ། ཧ་ཧ་་་་་

གཡུ་སྙུག་གིས་སྤེལ།

བྱ་བ་འདྲ་མིན་སྣ་ཚོགས་ལ་འཇུག་པར་ཚོད་ལྟ་བྱས་ཡོང་ན། རིགས་ཁ་ཤས་ནི། སྒྲུབ་སླ་བའམ་རང་ལ་དེ་སྒྲུབ་པའི་འཇོན་ནུས་ཡོད་འདུག་སྙམ་པའི་སྣང་བ་སྐྱེ་མོད། གཟབ་ནན་མིན་པ་དང་སློབ་གཉེར་གྱི་ནུས་སྟོབས་ཞན་དྲགས་པས་ཡིན་པ་འདྲ་སྟེ། སྒྲུབ་པའི་འཇོན་ནུས་ལྡན་བཞིན་དུ་དཀའ་ལས་ཉུང་ཙམ་ལ་གདོང་གཏད་མ་ནུས་པར་ཡོད་ཚད་འཐུས་ཤོར་དང་སྣང་མེད་དུ་བཏང་འགྲོ། དེ་ནི་རིན་པོ་སྣ་བདུན་གྱིས་གང་བའི་གཏེར་ཁ་ཆེན་པོ་ཞིག་སྔོན་འདོན་བྱེད་མ་ནུས་པར་ཕྱིར་བྱུང་བཞིའི་འཇིགས་པར་རིམ་གྱིས་འཐིམ་བཞིན་པའི་ངང་ཚུལ་དང་འདྲ་བས། གསེར་རྐོ་བའི་བདག་དབང་རང་ལ་ཡོད་ཀྱང་། གསེར་བརྐོ་མ་ནུས་པ་ནི། ནང་སེམས་སུ་ཤེས་རིག་གི་ནོར་གྱིས་ཡོངས་སུ་དབུལ་བའི་དབུལ་བོ་བདག་ལྟ་བུ་ཞིག་ལ་མཚོན་ན། ཤིན་ཏུ་ཡིད་ཕངས་པའི་གནས་ཤིག་རེད། མི་བུ་འཇོན་ནུས་ཅན་དག་ནི། རང་ཉིད་ཀྱི་མི་མངོན་པའི་ནུས་པ་ཡོད་ཚད་སྔོན་འདོན་བྱས་ཏེ། གསར་གཏོད་དང་འཚོལ་སྙེག་གི་ཁྲོད་ནས། ནོར་འཁྲུལ་དང་ཕམ་ཁ་གྲོགས་སུ་བསྒྱུར་བཞིན་གཟི་བརྗིད་དང་རྒྱལ་ཁའི་ངང་ན་གསོན་བཞིན་ཡོད་ནའང་། བདག་ལྟ་བུས་ནི། རད་ཉིད་ཀྱི་བག་ལ་ཉལ་བའི་འཇོན་ནུས་ཡོད་ཚད་རྩལ་འདོན་བྱས་ཏེ། ཚེ་སྲོག་ལ་གསོན་ཤུགས་སྣོན་ཐུབ་པ་ཕར་ཟད། ཐ་ན་ལན་ལེན་དང་འཚོལ་སྙེག་གི་ཁྲོད་ནས་ཕམ་ཁ་ཉོ་བའི་གོ་སྐབས་ཙམ་ཡང་རག་ཐུབ་ཀྱི་མེད། དེ་ནི་ཕམ་ཁ་ལས་ཀྱང་ཆེས་ཆེ་བའི་ཕམ་ཁ་སྟེ། དཀའ་སྡུག་ཕམ་ཉེས་ཀྱི་དགྲ་བོར་ཕར་རྒོལ་བྱེད་པའི་གཡུལ་སར་ཞུགས་པ་ན། བརྩོན་འགྲུས་ཀྱི་དཔའ་སྟབས་བསྐྱེད་དེ། ཤེས་རབ་ཀྱི་རལ་གྲི་གནམ་ལ་འཕྱར་ཐུབ་པ་ལྟ་ཞོག ཡར་ཚུགས་ཐུབ་ཀྱིས་འགྲེང་བའི་ནུས་སྟོབས་ཙམ་ཡང་མེད་པར་ཕམ་ཁ་ཉོས་པ་དེའོ།།


发布     👍 0 举报 写留言 🖊   
✋热门推荐
  • 具体来讲,在虹山公园的微创式设计,体现在设计团队利用数据模型研究地表径流、生态廊道,对挖方/填方以及可能存在的生态风险进行判定,在重要节点因地制宜的进行结合地形
  • Snapdragon Sound集成并优化高通领先的音频、连接和移动技术,可以提供始终一致的音质、可靠连接和低时延,以解决常见的无线音频问题。和传统耳塞式耳机相
  • 主要栖息在在森林、灌木林、岩洞、树洞或土穴中;杂食性动物,以野果、树籽和嫩叶芽等为主食,也捕捉青蛙和昆虫等;典型的一夫多妻,性成熟较早,怀孕期50-60天,每胎
  • 有时候会想,如果您还在,就不会这样了。就这样,得过且过,一天又一天,或许这就是人生吧,不能事事都如愿。
  • 人总是要往前走的,总有年少轻狂,无知狭隘的时候,曾经走过的路,留下的痕迹也与会被掩埋,但不会被抹去,犯过的错也不该被忘记,但前路一定是要会反思的,会改正的,希望
  • 当你挽回前任到了一定阶段之后,就要想办法去测试前任对你的感觉。这种测试是非常有必要的,因为很多时候,我们的判断会受到我们情绪的影响。我们往往会觉得,前任对我们的
  • 又来了又来了 嗯 我喜欢你,并不是那种非要据为己有的意思。 而是想告诉你,有你真好,不管你是不是我的,都很好。 像喜欢山川与河流那样,不带私欲,仅是感谢。所以
  • 真的太可气了 我也讨厌好几个明星呢 但我从来不去嘴他 喜欢自家偶像时间都觉得不够用呢 还有闲心去骂别人? 我冷静想想 其实不管哪位明星的粉丝 其实绝大多数都是正
  • 【2021年“奥飞体育·篮协杯”篮球俱乐部邀请赛暨2021年长春市青少年“快乐小篮球”公益培训计划启动 】今天(15日)上午,“永远跟党走”-2021年长春篮协
  • 以前都是只关注电竞选手本身,最近比较频繁关注了下喜欢的战队的官微,翻了翻评论区终于明白为什么青训需要通过心理测评以及基地要有心理咨询师这种职业存在了,两天打的成
  • #刺杀小说家# 看完只想大呼中国电影牛逼!特效大片名副其实,而且正如导演所说,特效是为剧情服务。两个世界两条故事线讲的很清楚,而且衔接很自然,完全不会突兀。电影
  • 诚心念一句“南无阿弥陀佛"功德无量 尊敬的朋友们当你打开这篇文章,您就是佛说的善男子善女人,足以证明你前世已修了很多的福德因缘,而且曾在百千诸佛面前种过善根。佛
  • 杨幂icon与迪丽热巴穿同款衬衫,一个酷姐,一个甜美,谁更吸引你? 杨幂和迪丽热巴某次参加活动时隔空撞衫,两人穿上了同一件水晶烫钻衬衫,杨幂用它来搭配长款皮外套
  • #金钟仁[超话]##金钟仁Jennie分手# 转发一位姐妹打88r。今天真是太快乐了哈哈哈哈哈哈哈哈哈哈哈!!! ❗要求❗ 不限圈,没黑过金钟仁和EXO即可 1
  • 无限回购!250g袋装海苔夹心脆片 ❤【券后价】12.8元 250g袋装海苔,非油炸更健康!口感超香脆,海苔味更浓郁。芝麻香,配上海苔的味道,真的是海的味道我知
  • ᴹᵃʸ ʸᵒᵘ ᵇᵉ ʸᵒᵘʳ ʰᵉʳᵒ, ⁿᵒᵗ ᵃᶠʳᵃⁱᵈ ᵗᵒ ˡᵉᵃᵛᵉ, ⁿᵒᵗ ᵃᶠʳᵃⁱᵈ ᵗᵒ ᵇᵉ ᵃˡᵒⁿᵉ. 愿你能成为自己的英雄,不惧
  • 很多男生哪怕在分手后,也还会在心态和意识上认为"这姑娘是我的。"所以必要的时候,你可以通过一些间接的渠道让对方感受到潜在竞争者的威胁,产生危机意识,激发他的竞争
  • #边伯贤[超话]# [女孩儿]#边伯贤天才爱豆# 边伯贤四方嘴下垂眼小狗相可爱无敌小甜豆撒娇卖萌NO.1名品漫画手勾人心魂拥有“说你爱我”让人心动的超能力拥有
  • 【放弃暗恋很久的人12星座是什么感觉?】 白羊座:我这么有勇气还是要放弃 对待爱情,你总是勇气面对,白羊座从来不会暗恋一个人很久,他在合适的机会早早就表白
  • #任嘉伦一任千面[超话]# #任嘉伦2021嘉速前进# #任嘉伦粉丝的公益故事# 任嘉伦,路出寒云霜花迟,绎寻沂水秋蝉至。冬吹星落声声碎,郎入宫墙夜夜醉。愿君