བོད་ཀྱི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་པ《དབུགས་ལྒང》ཞེས་པ་དེ་2019ལོའི་ཟླ་8ཚེས་30ཉིན་ཝེ་ཉི་སི་གློག་བརྙན་དུས་ཆེན་ཐོག་བསྟན་པ་དང་།ད་ལོའི་སྤྱི་ཟླ11པའི་ཚེས20ཉིན་རྒྱལ་ཡོངས་སུ་གཟིགས་འབུལ་བྱ་རྒྱུར་གཏན་འཁེལ་བྱས། གློག་བརྙན་འདི་ནི་འཁྲབ་སྟོན་པ་བསོད་ནམས་དབང་མོ་དང་སྤྱིན་པ། གཡང་ཕྱུག་འཚོ་གསུམ་གྱིས་གཙོ་འཁྲབ་བྱས་པའི་པདྨ་ཚེ་བརྟན་གྱི་གཏམ་རྒྱུད་གློག་བརྙན་བདུན་པ་

གློག་བརྙན་དེའི་བརྗོད་བྱ་མདོར་བསྡུས། 
  ཕལ་བའི་ཁྱིམ་ཚང་དར་རྒྱས་ཚང་གི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་སྐྱེས་མ་ཞིག་ལ་སྦྲུམ་ཆགས་པས་ཁོ་མོར་ངོ་ཚ་དང་འཚོ་བར་དཀའ་ངལ་བསྐྱེད་པ་མ་ཟད།  གློ་བུར་ཨ་ཕ་ཡང་ཚེ་ལས་འདས་བས།   ཁྱིམ་ཚང་དེའི་སྔར་ཡོད་ཀྱི་བདེ་སྐྱིད་རྩ་བ་ནས་མཇུག་རྫོགས།  འདི་ལྟར་ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ལྟར་དངོས་ཡོད་འཚོ་བའི་གདུག་རྩུབ་རང་བཞིན་ལ་གདོང་གཏད་མི་འདོད་བཞིན་དུ་གཏད་དགོས་པའི་ཁྱིམ་བདག་མ་སྒྲོལ་དཀར་གྱི་མི་ཚེའི་མྱོང་བ་བརྗོད་ཡོད།

གློག་བརྙན《དབུགས་ལྒང》ནི་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཐོག་དང་པོར་བུད་མེད་ཀྱི་འཚོ་བ་བརྗོད་བྱ་དང་། བོད་ཀྱི་ཁྱིམ་བདག་མ་ཕལ་བ་ཞིག་གི་མཐོང་ཚོར་སྤྱད་ནས་གསར་རྩོམ་བྱས་པའི་དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་སུ་ཆགས་ཡོད་པར་མ་ཟད། བོད་ཁྱིམ་ཕལ་བའི་དད་མོས་དང་འཇིག་རྟེན་པའི་འཚོ་བའི་སྒྲིག་གཞིའི་འགལ་ཟླ་སོགས་མཚོན་པར་བྱས་ཡོད་པ་ཞིག་རེད། བརྩམས་ཆོས་འདི་ནི་འཁྲབ་ཁྲིད་པ་ཁོང་གི་བརྩམས་ཆོས་སྔ་མ་ཁག་དང་བསྡུར་ན་གཏམ་རྒྱུད་གོ་བདེ་ལ། སྒྲིག་གཞི་ལྷོད་ཡངས་པ། དངོས་ཡོད་དང་ཡིད་འགུག་པའི་རྨི་ལམ། འཁྲུལ་སྣང་བཅས་ཡིད་ཀྱི་ཐབས་ལམ་གྱི་ཁྱད་ཆོས་ཡོད་པ་ཞིག་རེད།
    གློག་བརྙན《དབུགས་ལྒང》ནི་སྔོན་གྱི་གློག་བརྙན《ཐར་ལོ》དང་། 《ལག་དམར》གཉིས་ཀྱི་ལས་བཟོ་མི་སྣ་དག་ཡང་བསྐྱར་མཉམ་གཅིག་ཏུ་རུབ་ནས་ཕབ་སྐྲུན་བྱས་པ་དང་། དེ་ནི་དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་།གཏམ་རྒྱུད་ཀྱི་མི་སྣ་དར་རྒྱས་ཚང་ལ་ཆེས་སྤྱིར་བཏང་གི་སྲུང་ཤུབས་ཤིག་གིས་མཐུད་མར་དཀའ་གནད་རབ་དང་རིམ་པར་ཕྲད་དུ་བཅུག་པའི་གཏམ་རྒྱུད་ཅིག་བརྗོད་ཡོད་དེ།   ཉིན་ཞིག  དར་རྒྱས་ཀྱི་ཆུང་མ་སྒྲོལ་དཀར་ལ་མངལ་འཁོར། ཡིན་ཡང་།དངོས་ཡོད་འཚོ་བའི་དཀའ་གནད་སྣ་ཚོགས་ཀྱིས་སྒྲོལ་དཀར་གྱིས་རང་གི་མངལ་ཤོར་དུ་འཇུག་པར་འཆར་གཞི་འཐེན། འོན་ཀྱང་། སྲོལ་རྒྱུན་གྱི་བསམ་བློར་སེར་ཀ་འཆོར་མ་མྱོང་པའི་ཁྱོ་ག་དར་རྒྱས་ཀྱིས་ཆུང་མའི་མངལ་གྱི་ཕྲུ་གུ་དེ་ནི་རང་ཕའི་རྣམ་ཤེས་ཡིན་པར་རློམ་ནས་སྒྲོལ་དཀར་གྱི་འདོད་ཚུལ་ལ་དགག་པ་ཚ་ལན་སྤྲད།  དེ་ལྟར། དངོས་ཡོད་ཀྱི་གནད་དོན་དང་། གནད་དོན་གྱིས་བསྐྱེད་པའི་གནོན་ཤུགས་ཀྱིས་མ་གཞིའི་འགྲིག་མཐུན་ཅན་གྱི་བཟའ་ཟླ་གཉིས་གནད་དོན་དང་འགལ་ཟླའི་ངམ་ཁར་དེད། 

གལ་སྲིད་དད་མོས་དང་དངོས་ཡོད་འཚོ་བ་གཉིས་ལས་གཅིག་འདེམས་དགོས་ཚེ་ཇི་ལྟར་བྱ་དགོས་སམ། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་བཤད་དོན། གཏམ་རྒྱུད་འདི་ནི་ཁོས་ཆེས་སྤྱིར་བཏང་གི་བོད་ཁྱིམ་ཕལ་བའི་འཚོ་བའི་ཁྲོད་ཕྲད་ཀྱིན་པའི་དཀའ་གནད་དང་། སྐྱེ་འཆི། འཁོར་བ།རྣམ་ཤེས། དད་མོས་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་ཐོག  བུད་མེད་ཀྱི་འཚོ་བ་གཞིར་བྱས་ཏེ། སྐྱེས་འཕེལ་གྱི་ཐོབ་དབང་དང་བུད་མེད་ཀྱི་སད་རྟོགས། དེ་མིན་དད་མོས་དང་ནང་སེམས་ཀྱི་རེ་ལྟོས་བར་གྱི་འགལ་ཟླ་སོགས་ང་ཚོས་དངོས་མཐོང་ལག་ཟིན་གྱི་ཟ་ཟུར་མང་པོ་མཚོན་པར་བྱས་ཡོད་ཟེར།
གཏམ་རྒྱུད་བརྗོད་ཐབས་སྟེང་ནས་གློག་བརྙན《ལག་དམར》གྱི་འཁྲུལ་སྣང་རང་བཞིན་གྱི་ཐབས་ལམ་དང་། 《ཐར་ལོའི》སྐྱ་བརྙན་གྱི་རྣམ་པ་དང་མི་འདྲ་བར།  ཡང་བསྐྱར་ཕྱིར་དངོས་ཡོད་རིང་ལུགས་ཀྱི་ལམ་དུ་སྤོས་ཡོད་པ་ཞིག་རེད།  དེ་མིན་བརྗོད་འདོད་པ་ཞིག་ནི་ཐེངས་འདིར་བརྙན་རིང་གི་ཐབས་ལམ་སྤྱད་ནས་དངོས་ཡོད་རིང་ལུགས་ཀྱི་གཏམ་རྒྱུད་བརྗོད་ཐབས་ཀྱི་རྣམ་པ་ཐོག་རྨི་ལམ་དང་འཁྲུལ་སྣང་རང་བཞིན་གྱི་རྣམ་པ་ཡང་བསྣན་ཡོད་པས། ཡིད་བརྙན་གྱི་རིམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་འདུག དེ་ལ་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་བརྙན་དཔྱད་པས་པདྨ་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་ཁྲོད་ཀྱི་ཆེས་གོ་སླ་བ་དང་། གཏམ་རྒྱུད་ཀྱི་སྒྲིག་གཞི་ལྷོད་ཡངས་པ། ནང་དོན་ཕུན་སུམ་ཚོགས་པ། སྒྲིག་སྦྱོར་གྱི་སྒྲིག་གཞི་ཆེས་མགྱོགས་པའི་བརྩམས་ཆོས་ཤིག་རེད་ཟེར།    

གཞན་དག། 
    གློག་བརྙན《དབུགས་ལྒང》ནི་པེ་ཅིན་ཧྲིན་ཐང་དུས་རབས་རིག་གནས་བརྒྱུད་སྒྲོག་ཚད་ཡོད་ཀུང་ཟི་དང་གུང་ཁྲང་ཏཱ་མིན(ཐེན་ཅིན)གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མ་ཎི་རྡོ་འབུམ་གློག་བརྙན་ལས་རིགས་ཚད་ཡོད་ཀུང་ཟི་བཅས་ཀྱིས་མཉམ་དུ་བསྒྲུབས་ཤིང་། པེ་ཅིང་ཅིའུ་ཀྲོའུ་དབུས་ཁུལ་གྱི་ཨང་ཀིའི་གློག་བརྙན་ཁང་ཚད་ཡོད་ཀུང་ཟི་དང་། ཨའེ་ཆིའི་སྒྱུ་རྩལ་ལས་རིགས(པེ་ཅིན)ཚད་ཡོད་ཀུང་ཟི་གཉིས་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པ་ཞིག་ཡིན། ཁྲི་ཅོ(Rediance)ཡིས་ཕྱི་རྒྱལ་དུ་འགྲེམ་སྤེལ་བྱ་བའི་ལས་ཚབ་ཀྱི་འགན་ཁུར་ཡོད།

དེང་འདིར་དྲན་པའི་གསལ་འདེབས་སུ། འགྲོ་མིའི་འཕྲལ་ཡུན་བདེ་སྡུག་གི ལས་དབང་ཇི་འགྱུར་ལྟོས་པའི་གཞི། འོས་རྒྱལ་ཁྲོམ་གྱི་བུར་ཐོབ་ཕྱིར། གདུགས་ཤེར་སྒྲོལ་མ་འཕྲིན་བཅོལ་སོགས། ཐུགས་གཏད་སྐྱབས་འཇུག་མི་ལྷོད་འཚལ། །

ལོ་དྲུག་ལ་འཚོ་བ་རོལ་མྱོང་སའི་སློབ་ཆུང་ནང་ཕྱིར་ལོག་ནས་རང་ཉིད་བགྲོད་མྱོང་བའི་ཐོག་བརྩེགས་གསུམ་ཅན་གྱི་སྐས་རིམ་བརྒྱུད་ནས་རང་ཉིད་ཀྱི་སློབ་ཁང་ནང་སླེབས་དུས། དེ་ནི་ངའི་རྨི་ལམ་དུ་ཡང་ཡང་འཁོར་བའི་དྲན་པའི་ཀློང་གི་སློབ་གྲྭ་དང་ཧ་ཅང་འདྲ་བོ་འདུག དེ་རུ་དྲན་པ་རྫོགས་མེད་ཅིག་ལུས་ནས་ལོ་མང་བོ་འགོར་རུང་ད་རུང་རྙེད་མེད། རྙེད་ཐབས་མེད་པའི་དྲན་པ་དེ་ནི་བཞུད་ཟིན་པའི་ལོ་ཟླ་དང་འདྲ་བར་ལག་པས་སྙོབས་ཐབས་མེད་ལ། དལ་གྱིས་དགོད་སྒྲ་དང་འུར་ཟིང་ཐམས་ཅད་ཞི་ཞིང་འཇགས་ནས་ངོ་བོ་གཞན་ཞིག་ལ་འགྱུར་བར་ནར་སོན་པའི་གོ་རིམ་ཟེར་ཆོག་སྙམ། དགེ་རྒན་རྣམས་ཀྱིས་ཁྱིམ་བདག་རྣམས་ལ་ཡང་བྱིས་པའི་ཚད་ནས་སློབ་གསོ་གཏོང་འགོ་བརྩམས། དེ་ནས་རང་ཉིད་དྭངས་གཙང་དང་ལྷག་བསམ་ཆེ་ཚུལ་བཤད། འཛིན་དངུལ་སོགས་ལས་སྒེར་དོན་སྒྲུབ་མེད་ཚུལ་བཤད། དེ་ཡང་སྔོན་ཆད་དང་འདྲ་བོ་འདུག མི་འདྲ་བ་ནི་ང་ལ་དེ་དག་སྤྲོ་བ་མི་འདུག དེ་ནས་སྐར་གྲངས་ཀྱི་ཨང་རིམ་གླེང་། ཀུན་སྤྱོད་ཀྱི་གོ་དོན་གླེང་། སློབ་གཙོས་སྐད་དང་ཡི་གེའི་སྐོར་ནས་ཁྱིམ་བདག་དག་ལ་གོ་རྒྱུ་ཅན་ཡང་བཤད། འོན་ཀྱང་ཁྱིམ་བདག་དག་གི་རྣམ་འགྱུར་ལ་བལྟས་ན་ཕལ་ཆེ་བ་ནི་དངོས་གནས་དུ་ཅན་པོའི་གོ་བའི་ངོས་ནས་ཀློའུ་ནག་དག་དག་རེད། ཚིག་ཐག་ཆོད་པོས་བཤད་ན་ཆོག་གི དགེ་རྒན་ལ་ལ་ཞིག་གིས་གོས་དང་ཁ་ངོར་དང་དོད་ཆེར་བྱེད་པ་བཞིན་ཁྱིམ་བདག་དག་གི་ནང་ན་ཡང་དེ་ཙམ་གྱི་ཉམས་ལ་འབད་པར་དགའ། དེ་དག་ནི་ཁྱིམ་བདག་ཚོགས་འདུའི་ནང་གི་ང་ཅན་པོའི་ལྟད་མོ་རེད། དེ་ནས་འཛིན་བདག་བུད་མེད་དགེ་རྒན་ལོ་གཞོན་དེས་ཡིག་སྐད་རྣལ་མ་ཨེ་འཁྱོང་གིས་འཛིན་གྲྭའི་གནས་ཚུལ་མདོར་བསྡུས་བཤད། དེ་ནས་ཆུ་ཚོད་བཞི་ཡས་མས་ལོངས་འདུག་པས་ཟ་མ་དང་ཐ་མག་མཉམ་དུ་དྲན་་་་་


发布     👍 0 举报 写留言 🖊   
✋热门推荐
  • 】在贵港有这么一个地方她因山川之秀美而地灵她得状元之遗风而人杰她令古今的文人骚客流连忘返更令世居此地的人们引为自豪她就是平南县大鹏镇图片在大鹏镇有这么一所学校历
  • 虽然是海滨城市,却频频因独有的土楼文化出圈。虽然是海滨城市,却频频因独有的土楼文化出圈。
  • ”王进说,当意识到小女孩的家长没有出现在周围时,他连忙跑了过去。潘晓军再次询问小女孩得知,她是跟着妈妈一起接姐姐放学的,他马上和附近学校取得了联系,询问是否有家
  • 10.“我还好,你也保重”11.总有一片晚霞会经过你的头上,总有一个人在的等着爱你一场。3.“下午的天气很好,体重秤上的数字又小了一点,我把心情写的很干净,也没
  • 从一开始的出场,每个人就像带着任务来到这个世界上,他们在被掌控的范围内活动,任凭怎么挣扎都逃不出命定的结局。我没有看完电影,宿命是挣不脱的,如果注定要一步一步驶
  • 我人最多四十岁当老板,我就喜欢到二十六岁找女朋友,大家好我今年23岁了,中山大学毕业,祝大家梦想成功 ,姓名……郑坤祥 我以前还是个设计师:我喜欢去福建省泉州市
  • 【九种酒、[照相机][太开心][摊手][打call]九种女人[举杠铃][奋斗]】1、葡萄酒:妖娆的拉丁女郎;2、香槟酒:高贵的胜利女神;3、白兰地:成熟的性感女
  • 因‮自为‬己赚‮了钱‬好想身‮的边‬人也能‮钱赚‬ … 每‮有次‬人拒绝我的时侯 尤其碰到‮种那‬我认为绝对能行的女‮子孩‬ … 都会觉‮好得‬可惜 … 有时‮
  • 图片如果日美对斯里兰卡这么搞,中国完全可以参与进去,因为中国同样是世界银行的成员国,而且还是第三大股东。图片按照日美的做派,虽然现在已经不是十九世纪“武装讨债”
  • 人生每个过程,不论好坏都是自己的缘份,也都值得经歴;但时间无常,我们一直在无常中变化,不论好坏,都要记取经过,福慧双修,愈早看开、愈能放下、愈是无所遗憾,相信我
  • #猎狗在墨尔本# 初夏时节,选择来丹德浓山,不仅可以享受国家公园的美景,欣赏特色花卉,还可以锻炼身体。搭配可爱爆表的星杯,就在今天变回小朋友哦~除此之外,到指定
  • 曾乘地铁1号线、5号线】#北京核心区酒店一律暂停举办婚宴#】#北京一确诊曾2次拍摄婚礼# 今天,北京新增2例本土确诊,均是管控中人员;从即日起,核心区酒店(东城
  • 03茶叶与其他农作物经济收益比“经济人”假设和比较优势理论(大卫·李嘉图的“相对优势”理论)决定了茶农在选择茶园种植生产时,会权衡考虑茶叶生产和其他农作物种植的
  • 黎,一个合作过了就忘不了的导演,前有zzj认启蒙老师,后有wjs、hzz在片场争黎夸过自己的话,几年了十几年了还反复提起,“能合作就是幸运,真想一直合作下去”…
  • 明明你给其他艺人(例如bl)画的妆还得可以的但是到了赵丽颖这里就画成这样吗?说实话丽参加了这么多次活动妆发合格的时候真的很少!
  • #馆藏推荐# 一、《浙江名人家风研究:传承、创新与弘扬》作者:杨云出版社:浙江工商大学出版社出版日期:2019ISBN:978-7-5178-3261-4索书号
  • A.扫描电子显微镜在物证检验中有广泛的用途B.扫描电子显微镜的优点其他光学显微镜不具备C.扫描电子显微镜有适于物证检验的优点D.扫描电子显微镜是物证检验中运用最
  • D10晚,棉片+B5+sundari眼油+脖子10号油+王者10泵,不小心漏掉紫外线精华了[摊手]感觉这一次王者期间的使用棉片情况比上次要好一点,刺痛就是在第三
  • #西安消防# 又是熊孩子手指被卡...2022年6月26日,西安消防接到报警:一小区小孩被卡水池卡槽,鸿明路消防救援站立即赶赴救援,到场后发现一男孩手指卡在下水
  • 我完全無法理解,現在有部分香港年輕人,他們明明幸運地出生在香港回歸後這個最好的時代,卻反而嚮往過去殖民地時期。但在看到黑暴分子的歪理邪說日漸囂張,楊明意識到他必