༄༅། །ཐུབ་པའི་བསྟོད་པ་གང་ཚེ་རྐང་གཉིས་མ།

སློབ་དཔོན་དཔའ་བོས་མཛད།

གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །
ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །
དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །
དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །
རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །
ལུམྦི་ནི་ཡི་ཚལ་དུ་ཐུབ་པ་བལྟམས། །
བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །
གཞལ་ཡས་ཁང་དུ་མ་མ་བརྒྱད་བཞིས་མཆོད། །
ཤཱཀྱའི་གྲོང་དུ་གཞོན་ནུས་རོལ་རྩེད་མཛད། །
སེར་སྐྱའི་གནས་སུ་ས་འཚོ་ཁབ་ཏུ་བཞེས། །
སྲིད་གསུམ་མཚུངས་མེད་སྐུ་ལ་ཕྱག་འཚལ་ལོ། །
གྲོང་ཁྱེར་སྒོ་བཞིར་སྐྱོ་བའི་ཚུལ་བསྟན་ནས། །
མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། །
ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་མཛད། །
སྒྲིབ་གཉིས་སྐྱོན་དང་བྲལ་ལ་ཕྱག་འཚལ་ལོ། །
རྒྱལ་པོའི་ཁབ་ཏུ་གླང་ཆེན་སྨྱོན་པ་བཏུལ། །
ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ། །
མ་ག་དྷ་རུ་ཐུབ་པ་མངོན་སངས་རྒྱས། །
མཁྱེན་པའི་ཡེ་ཤེས་འབར་ལ་ཕྱག་འཚལ་ལོ། །
ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་བསྐོར། །
ཛེ་ཏའི་ཚལ་དུ་ཆོ་འཕྲུལ་ཆེན་པོ་བསྟན། །
རྩྭ་མཆོག་གྲོང་དུ་དགོངས་པ་མྱ་ངན་འདས། །
ཐུགས་ནི་ནམ་མཁའ་འདྲ་ལ་ཕྱག་འཚལ་ལོ། །
འདི་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་འདས། །
མཛད་པའི་ཚུལ་ལ་མདོ་ཙམ་བསྟོད་པ་ཡི། །
དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང༌། །
བདེ་གཤེགས་ཉིད་ཀྱི་མཛད་དང་མཚུངས་པར་ཤོག །

༧ངེས་དོན་གྱི་གྲུབ་པའི་དབང་བོ་༧སྐྱབས་རྗེ་བླ་མ་ཤར་གདོང་

རིན་པོ་ཆེའི་ཞལ་གདམས།

༄༅།།ང་ཚོ་དགོན་པ་ཞིག་ལ་མཚོན་ན།ཕྱག་འཚལ་བ་དང་།སྐོར་བ་བྱེད་པ།མཆོད་པ་འབུལ་བ་སོགས་སློབ་གཉེར་གྱི་གེགས་དང་འགལ་རྐྱེན་དུ་ལྟ་བ་ཡོད་ཀྱང་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་རྣམ་དག་དང་བསྡུར་ན་རྒྱབ་འགལ་རེད།ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པའི་རྡོ་རྗེ་ཚང་ཡང་རྒྱུན་དུ་ཚོགས་གསོག་སྒྲིབ་སྦྱོང་རྐྱང་རྐྱང་གིས་མ་ཁོམ་པར་བཞུགས་ཡོད་པ་དེ་འདྲ་རེད།ཁོང་སྐུ་ན་གཞོན་དུས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་པའི་སྐབས་དེར།དགེ་བཤེས་རྒན་པ་ཞིག་ཕེབས་ནས་དཔེ་ཆ་ལེགས་པོ་ལྟ་དགོས་ལུགས་དང་།ཕྱག་སྐོར་རྐྱང་རྐྱང་གིས་ས་ཆོད་མི་འོང་ཚུལ་གསུངས་པ་ལ།ལགས་སོ། ཁོ་བོ་བློ་གྲོས་དམན་པས་སྟབས་ཀྱིས་དེ་ལ་བསག་སྦྱང་གལ་ཆེ་བ་ཨེ་ཡིན་ནམ་བསམས་པ་ཡིན་ཞུས་པས།དགེ་བཤེས་དེས་ཀྱང་དོན་གྱི་གནད་རྟོགས་ནས་སྐྱེས་པུ་དམ་པ་འདི་ལྟ་བུ་ལ་འབྲེལ་ཞིག་མ་ཐོག་པར་ཤི་སོང་ན་ཕངས་སེམས་ཆེ་བས་གུང་ཚིགས་སུ་གདན་དྲངས་པའི་ལོ་རྒྱུས་ཡོད་པ་རེད།དེ་བས་གཞུང་དོན་རྟོགས་པའི་ཆེད་དང་བརྩོན་འགྲུས་དང་།ཤེས་རབ་གོང་འཕེལ་དུ་འགྲོ་བ་ཚོགས་གསོག་སྒྲིབ་སྦྱོང་ལ་རག་ལས་ཡོད།གཞུང་དོན་རྟོགས་པ་དེ་ཡང་རང་གི་སེམས་རྒྱུད་དུ་ཆུ་དང་འོ་མ་བཞིན་མ་འདྲེས་པར་ང་རྒྱལ་དང་ཕྲག་དོག ཞེ་སྡང་ཆེ་རུ་ཆེ་རུ་སོང་ནས་ཡུལ་དམ་པ་ལ་སྨོད་པ་དང་། གཞན་ལ་ཁྱད་གསོད་སྨ་འབེབ་བྱེད་པའི་ངར་ཕྱུངས་པ་ཡིན་ན།ཆོས་དེ་ཡང་ཐར་བའི་རྒྱུ་རུ་མ་སོང་བར་ངན་འགྲོ་སྒྲུབ་བྱེད་དུ་སོང་བ་རེད།གཞུང་ཆེན་མོ་ལ་སྦྱངས་པ་བྱས་བྱས་ནས་ལུང་དང་རིགས་པ་དེ་ཡང་གཡོ་སྒྱུ་ཁྲམ་གསུམ་གྱི་ལས་སྒྲུབ་བྱེད་དུ་འགྲོ་བ་ལས།གང་ཡང་མ་བསླབས་པར་བླུན་དད་ཁོ་ནས་མ་ཎི་བགྲང་ན་འདུན་མ་འགྲུབ་པ་ཡིན་ཞེས་ཐུའུ་བཀན་ཆོས་ཀྱི་ཉི་མས་གསུངས་ཡོད་ཅེས་གསུངས་སོ།།




༄༅། །དབྱར་དྭངས་གཞུང་རྩི་ཤིང་མེ་ཏོག་གི་འཇོ་སྒེག།
ཉམས་དགའ་བ་ལྷ་ཡི་ཡུལ་ལྗོངས་ལྟར་ཡོད་ཀྱང་།།
དགུན་སེར་བུ་སྐྱ་བོ་བསུ་མ་ལ་ཐོན་དུས།།
སེམས་སྐྱོ་ཤས་སྐྱེ་བའི་སྣོན་མ་རུ་ཤར་འདུག།


发布     👍 0 举报 写留言 🖊   
✋热门推荐
  • 分手后,4个步骤,轻松挽回你的前任:#分手复合挽回前任情感咨询#1、你们至少还有一种联系方式,不要学着网上的办法瞎断联,有些情况不适合断联,错失了最佳的复合时期
  • 【做快米~挣钱 咯】[呲牙]姓名:快米兼直躺米[呲牙]主要治疗:没钱,没兼直,没事业[呲牙]主要功效:经济独立,一份投资,终身受益[呲牙]适用人群:所有会拿手机
  • 【Melalife♻Journal】 范德士先生说:宁愿为价格解释一阵子,也不愿为质量道歉一辈子❌强大的研发团队,超过7000次的产品测试✅,最天然的优质成份,
  • [好喜欢][中国赞][赞]十神无论吉神凶神都有其正面心性,只要命局相对应的十神气为喜用发力纯粹,则心性愈发清显。【转载】老人言 :“闭嘴的鱼, 最不容易上钩,
  • 6.人间蛮荒,再见,在哪见。6.人间蛮荒,再见,在哪见。
  • ’  “舍利弗,西方世界有无量寿佛、无量相佛、无量幢佛、大光佛、大明佛、宝相佛、净光佛,如是等恒河沙数诸佛,各于其国出广长舌相,遍覆三千大千世界,说诚实言:‘汝
  • 忙得不甘愿的人,必然是他没有从忙中得到快乐,没有体会到身心寄托的地方就是忙——不忙做什么呢?一个人拥有再多,如果内心不知满足,那种精神上的贫穷更加可怜!所以,人
  • #股票# #股票[超话]# 2、外资继续跑路,早盘又跑了50亿,也说明前期低点还是要破的,但科创50涨势喜人,信创、数字经济掀起涨停潮还是挺嗨的,其他的不重要。
  • 在办理客户服务手续的过程中,正规劳务派遣公司往往没有为有出国工作意愿的客户提供高工资、低成本的服务,最终导致不仅不能在国外工作,而且损失了一定的资金。想去出国工
  • 这部电影的导演王炎发现这个长的好看的女孩,没有一般女孩的妩媚,正是他要寻找的女主角,于是邀请她参加电影的拍摄,让她在影片中饰演了女扮男装的解放军副排长。时光荏苒
  •   雪越下越大,我爸那顺德力格尔看着窗外,说:“这时候我们到塔湾了。我想下车变成他,从此生活在大兴安岭。
  • [good][good][来][来] [怒骂][怒骂][怒骂][来][来]牛初乳奶贝100g,内蒙特产,高钙奶源,口感清爽,醇香浓厚,甜而不腻,无防腐剂,无色素
  • 有人说要看对方给我多少爱我才决定给出多少爱不太明白为什么要这么计较?“你不是去买啤酒了嘛”——哈哈,我喊老妈去买的。
  • #水光针# 手针打的水光比德玛莎仪器打的水光针要深,效果更好是吗?一般来说手针可能更灵活操作一下,也就是说可以根据老化情况来随意调节注射的层次,在给药上也可以打
  • 繁华落尽,一身憔悴在风里,回头时,无情也无语,明月小楼,孤独无人诉情衷,人间有我残梦未醒,任多少深情独自寂寞,人随风过,自在花开又花落,不管世间沧桑如何,一城风
  • #薛晨旭专属[超话]# xcx#薛晨旭的陈子雯# "月色朦胧如皎珠,春风烟雨一样等你,水漫漫,思念如疾. , "cr:见水
  • 需手机验证百度公益和扶贫基金会一起推荐的助学项目8.1~8.10,一个手机号只能点一次[拳头]为了更多山区孩子,也希望大家能帮忙转发到朋友圈,让更多人参与,谢谢
  • 末法时代邪师讲法如恒河沙数,心外求法皆为外道,狐黄常蟒,妖魔鬼怪附上人体,借人体讲法,它们再弄一些光环,什么会长,什么博士,什么专家,什么大师,众生着相,依人不
  • 我的一条紫色的裙子 高三买的,穿的她拍的毕业照,也和那个现在不愿回忆恨之入骨的人合了影。 前两天我复读的时候第一个同桌给我发了微信,可是并没有讲几句就结束了
  • ”记得十三岁那年,在祖父的熏染下,这本5分钱的民间读本,我几乎能横流倒背。   锁匠小宋在武汉音乐学院可谓无人不知、无人不晓,至于他叫什么名字,似乎没人关注过。