༄༅།།༧རྒྱལ་དབང་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་རྟོགས་པའི་གདེང་མགུར།༽

སྔོན་བསགས་བསོད་ནམས་ལུས་ལ་ཡོངས་འཛིན་བསྟེན། །
སངས་རྒྱས་སྒྲུབ་པའི་ཐབས་ལ་རྨོངས་པ་བྲལ། །
ངེས་འབྱུང་ཅན་འགས་བསྟེན་ན་དགོས་འདོད་འབྱུང༌། །
ཐར་འདོད་རྣམས་ཀྱིས་ང་ཡི་རྣམ་ཐར་སོམས། །

བརྒྱུད་པ་གཞན་ལ་འགྲམ་ཆུ་མི་ལྡང་བ། །
འགྲོ་མགོན་དྭགས་པོའི་བཀའ་བརྒྱུད་བྱིན་རླབས་ཅན། །
ཡོངས་འཛིན་གཞན་གྱིས་སེམས་ཁ་མི་ལྷོངས་པའི། །
སངས་རྒྱས་སྤྲུལ་སྐུའི་བླ་མ་ཐུགས་རྗེ་ཅན། །

དམ་ཆོས་གཞན་ལ་ཡིད་སྨོན་མི་དགོས་པའི། །
ན་རོ་མཻ་ཏྲིའི་གདམས་ངག་ཡིད་ལ་གཅགས། །
སྒྲ་བསྒྱུར་སོ་སྐྱེའི་ཞུ་དག་མ་དགོས་པར། །
དགྱེས་རྡོར་མར་པ་ལོ་ཙཱས་གཏན་ལ་ཕབ། །

བརྒྱུད་པ་བཅུ་གསུམ་བར་དུ་བྱིན་རླབས་པའི། །
མཁའ་འགྲོའི་དབང་ཕྱུག་མི་ལའི་དངོས་གྲུབ་མཚར། །
སྲིད་པ་ཐ་མའི་བྱང་སེམས་རྫུ་འཕྲུལ་ཅན། །
མཉམ་མེད་དྭགས་པོ་དཔོན་སློབ་ཉིད་དུ་གསལ། །

ངན་སོང་མི་ཟད་བར་དུ་རྟག་པའི་སྐུ། །
དཔལ་ལྡན་ཀརྨ་པ་དེའི་མཛད་པ་ཡིན། །
བདག་ཀྱང་དེའི་རྗེས་སུ་འཇུག་རློམ་ནས། །
སྙིང་ཁུང་རུས་པའི་གཏིང་ནས་དང་བ་སྐྱེས། །

ཞེས་གསུངས་པའི་རྟོགས་པའི་གདེང་མགུར་འདི་ནི་ཀུན་མཁྱེན་བླ་མ་རྒྱལ་དབང་མི་བསྐྱོད་རྡོ་རྗེའི་མགུར་འབུམ་ལས་བཤུས།༽ དགེ་ལེགས་སུ་གྱུར་ཅིག། །།

༄༅།།༧རྒྱལ་དབང་ཀརྨ་པ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་རྟོགས་པའི་གདེང་མགུར།༽

ཕ་རྟོགས་ལྡན་གྱི་རྒྱལ་པོ་བླ་ན་མེད། །
རྗེ་གྲུབ་ཆེན་སངས་རྒྱས་རྡོ་རྗེ་འཆང༌། །
དུས་ལན་ཅིག་མིན་པར་དྲན་ཞིང་གདའ། །
གསོལ་བ་སྙིང་གི་དཀྱིལ་ནས་གདབ། །
དུས་དིང་སང་བླ་མ་ཡང་ཡང་དྲན། །

ད་དལ་འབྱོར་རྙེད་དཀའ་སྙིང་ནས་དྲན། །
ལར་འཆི་བ་མི་རྟག་རྒྱུད་ལ་སྐྱེས། །
ལས་དང་རྒྱུ་འབྲས་མངོན་སུམ་གྱུར། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

འཁོར་བ་ལ་སྡུག་བསྔལ་བཟོད་ཐབས་མེད། །
ཐར་པ་ལ་ཐེ་ཚོམ་གཏན་ནས་ཟད། །
སྐྱབས་དཀོན་མཆོག་གསུམ་ལ་བློ་གདེང་ཁེལ། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

མཐའ་མེད་ཀྱི་སེམས་ཅན་ཕ་མར་ཤེས། །
རང་དོན་གྱི་རྣམ་རྟོག་ཡིད་ལ་མེད། །
ལྷག་བསམ་གྱི་བློ་གྲོས་གོང་དུ་བྱང༌། །
མཚན་ལྡན་གྱི་བླ་མའི་བྱིན་རླབས་ཡིན། །

ཐ་མལ་གྱི་རྣམ་རྟོག་གཏིང་ནས་ཟད། །
གསང་ཆེན་གྱི་དགའ་བཞི་རང་ངོ་འཕྲོད། །
ཆགས་སྡང་གི་འཁྲུལ་པ་གཏན་ནས་ཟད། །
མཚན་ལྡན་གྱི་བླ་མའི་བྱིན་རླབས་ཡིན། །

ད་འཇིག་རྟེན་གྱི་བསམ་པ་སེམས་ལ་མེད། །
མ་ཉན་དོགས་པའི་ཕྱིས་ཤོམས་མེད། །
གང་བྱུང་ཤོག་པའི་བློ་གདེང་ཡོད། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

གྲོགས་དང་ཉེ་དུའི་གདུང་སེམས་མེད། །
སྡེ་དང་ཚན་ཀའི་ཕྱོགས་རིས་མེད། །
བསག་བསྲུང་འཚོ་སྐྱོང་གི་སེམས་ལས་མེད། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

དགྲ་དང་གཉེན་གྱི་གདུལ་སྐྱོང་ཞིང༌། །
ཐ་སྙད་སློབ་མའི་སེམས་ཁྲལ་མེད། །
སྡེ་དགོན་ཚོགས་པའི་གཉེར་ཀ་མེད། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

བྱ་བ་ཐམས་ཅད་གཏིང་ནས་བཏང༌། །
ཞེན་པ་ཐམས་ཅད་ཞེ་ནས་ཞིག །
ངོ་བསྲུང་མཐུན་འཇུག་རྣམ་གཡེང་བོར། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

ཚུལ་འཆོས་ཀྱི་མདུད་པ་ནང་ནས་གྲོལ། །
བག་མེད་ལ་གདུལ་སྦྱོང་གནད་ནས་ཐེབས། །
སྒོ་གསུམ་ལ་གཡོ་སྒྱུའི་སྤྱོད་པ་བྲལ། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

ཆོས་བརྒྱད་ཀྱི་ང་རྒྱལ་རྩད་ནས་ཟད། །
ཕྲག་དོག་གི་འགྲན་སེམས་རྒྱུད་ལ་མེད། །
གང་བྱུང་གི་གནས་གྲོགས་ཁོ་ཐག་ཆོད། །
མཚན་ལྡན་བླ་མའི་བྱིན་རླབས་ཡིན། །

ཕ་བཀའ་བརྒྱུད་ཀྱི་ལྷ་ཚོགས་སྐར་ལྟར་བཀྲ། །
ཡི་དམ་གྱི་དངོས་གྲུབ་ཚུལ་བཞིན་ཕབ། །
མཆོག་ཐུན་མོང་གི་དངོས་གྲུབ་ཅི་ཡང་ཤར། །
མཚན་ལྡན་གྱི་བླ་མའི་བྱིན་རླབས་ཡིན། །

༼ཀུན་མཁྱེན་བླ་མ་རྒྱལ་དབང་ཀརྨ་པ་མི་བསྐྱོད་རྡོ་རྗེའི་མགུར་འབུམ་ལས་བཤུས།༽

#微博[超话]# ༄༅། །དུས་རབས ༡༧-༡༨ བར་ཨིན་ཇིའི་རྟེན་མཛོད་ཁང ( The British museum ) དུ་ཉར་བའི་རྒྱལ་པོ་རཱ་མ་ཡ་ཎ་དང་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུ་གཉིས་འཐབ་བཞིན་པའི་པར། རྒྱལ་པོ་རཱ་མ་ཡ་ཎ་སྤྲེའུ་ཧ་ནུ་མན་ཐའི་ཕྲག་སྟེང་དུ་ལངས་ཏེ་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུར་རྒོལ་བཞིན་པའི་ཚུལ།


发布     👍 0 举报 写留言 🖊   
✋热门推荐
  • 『國際大局』美國始於華盛頓,旺氣止於克林頓。克林頓時期,已經開始呈現外強中乾,欠債累累。
  • 我和嫂子无话不说,她喜欢吃我做的饭,还和她朋友们说我做的饭好吃,去年来武汉她把她最好的朋友、她的闺蜜云霞姐介绍给我,我和云霞姐也合的来,她家有大院子,种了好多花
  • -执子之手 如此温柔-进了门 开了灯 一家人-盼来生 依然是一家人-许你一个家 再围上 我的牵挂酒店:海景苑大酒店策划:CY-创意-陈海兵设计:CY-创意设计
  • 蜗蜗®护洗系列① 蜗蜗®纯姜洗发露固发,防脱,控油,去屑,止痒,排硅油 ② 蜗蜗®营养发膜补充头发营养使秀发柔顺丝滑告别开叉枯黄等问题,coco香水味儿 ③ 蜗
  • 在庆祝建党99周年书画摄影作品大赛中,全省法院干警聚焦服务大局、司法为民、公正司法以及疫情防控等鲜活实践创作的138幅作品进行了集中展示。余德水先生的作品《红韵
  • 最怕不过,深交后的陌生,认真后的痛苦,信任后的利用,热情后的冷落世界上最可怕的不是别人不信任你,而是有人假装信任你 有一天,连你最信任的人都背叛你,那还有信任可
  • 。本人亲招无任何押金乱七八糟的费用,人来 面试过当天安排住宿 上班捞金。
  • 为什么流浪、为什么流浪,地球上已经没有了我们的家乡…… 不要问我从哪里来,我的故乡在远方为什么流浪,流浪远方流浪,为了天空飞翔的小鸟为了山间轻流的小溪,为了宽阔
  • 诗如人生,很多时候,幸福就在身边,我们却不懂珍惜,最后徒留遗憾。被自己美到了[笑cry][笑cry][笑cry][笑cry]温柔,恬静的气质[心]我想这是被先生
  • 《可能吗》是半段R&B沉重节奏的抒情曲。歌词只说到爱情结束为止。只剩下过去的甜蜜回忆,虽然爱情被时间淹没,但心中仍留有最后的希望。不想继续坚持下去吗。能坚持住这
  • #糖尿病# #健身# 【糖尿病健身的无氧运动】糖尿病患者的运动很重要,特别是有氧,最容易消耗糖原。无氧运动指的是力量方面的抗阻训练。
  • 没有看不开的人生,也没有想不通的路,我们应该随缘、随性、随心而为。我们要走的路,有着太多的不确定,他人一句劝诫,自己一个闪念,偶尔的得与失,都时刻在改变着我们命
  • #夏日自制小甜品# 必须从此成为我的首推甜品:①.坨坨口感胜似布丁,比布丁更Q一点点;②.七分柠檬与菠萝的酸甜+三分红茶的清涩③.冰冻后淋上柠檬冰糖熬制的糖浆+
  • #朴彩英壁纸##朴彩英头像#【朴彩英直拍】【朴彩英动图】【朴彩英私服】【朴彩英超话】【朴彩英发色】 官方唯一 朴彩英拍摄【红血高奢】2020最新季成衣线全球广
  • #嘉羿##嘉羿是最可爱的小熊软糖# jy #嘉羿心动狙击# jy #嘉羿治愈氧气# jy #嘉羿微笑能量# jy #嘉羿 舞台掌控者# jy #嘉羿的反转魅力#
  • ——陆苏29.当华美的叶片落尽,生命的脉络才历历可见。——陆苏29.当华美的叶片落尽,生命的脉络才历历可见。
  • !回来就疯狂做菜。
  • 图1:是妈妈给我煮的红糖鸡蛋 女生多吃很好哟 图2:hei 是自己炖的汤 里面加了还有红枣那些 也是多吃对女生好 图3:emmm 最后一包红枣藕粉又得去超市采集
  • 《楞严经新解》卷五(1)六根解除,即得解脱(续二) 5.洗涤沈垢 【原文】于是阿难及诸大众,闻佛如来无上慈诲,祇夜伽陀,杂糅精莹,妙理清彻,心目开明,叹未曾有。
  • 第5名:白羊座。第5名——摩羯座。