མཁའ་དབྱིངས་སུ་གནས་པའི་དགོན་པ་འདི་ནི་སེང་གླིང་དགོན་པ་རེད། དེ་ཡང་སྟག་ལུང་པ་གནས་འདིར་ལོ་བདུན་ཙམ་ལ་སྐུ་མཚམས་བཞུགས་ནས་སྟག་ལུང་བཀའ་བརྒྱུད་པའི་ཆོས་ལུགས་གསར་གཏོད་མཛད་སའི་གནས་ཁྱད་པར་བ་ཞིག་ཡིན། རྗེས་སུ་ཕྱོགས་བཞི་ནས་སྟག་ལུང་པའི་སྐུ་མདུས་ལ་ཆོས་ཞུ་མང་དུ་ཕེབས་པས། དགོན་པ་དང་ཐག་མི་རིང་བར་ནུབ་ཀྱི་ཕྱོགས་སུ་ས་ཁྱོན་ཆེ་སའི་སྟག་ལུང་དགོན་ཕྱག་བཏབ་ནས་བསྟན་པ་དར་སྤེལ་གནང་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོར་མཛད། ད་ལྟ་ཡང་བཤད་སྒྲུབ་ལས་གསུམ་མཛད་ཀྱིན་ཡིན་འདུག །
སེང་གླིང་དགོན་པ་འདི་ནང་རྟེན་གཙོ་བོ་སངས་རྒྱས་ཡར་བྱོན་གྱི་སྐུ་དང་ཚོང་དཔོན་ནོར་བུ་བཟང་པོས་འགྱོད་བཤགས་སུ་ཕུལ་བའི་མདའ་རིང་ཆུང་གཉིས་དང་དྲིས་རྗེས་གཙོས་པའི་བྱོན་ཅན་མང་དུ་མཇལ་རྒྱུ་འདུག་ལ། ངར་ཚོར་སྣང་ཆེ་ཤོས་ནི་སྟག་ལུང་པའི་སྒྲུབ་ཕུག་དེས་སྟེར་བྱུང་།
དགོན་འདི་སྔོན་ནས་ད་ལྟ་བར་སྟག་ལུང་བཀའ་བརྒྱུད་རེད་འདུག།

སུམ་པ་དབྱངས་ཁོལ་ནས། ༢༠༢༢/༧/༡༡https://t.cn/Rp7W8xr

མཁར་ཆུ་དགོན། 卡久寺
མཁར་ཆུ་དགོན་ནི།སློབ་དཔོན་པདྨ་འབྱུང་གནས་ཀྱི་ཐུགས་ཀྱི་གནས་མཆོག་ཁྱད་པར་ཅན་ཞིག་ཡིན་ཞིང་།ད་བར་ལོ་ངོ་༡༢༠༠ལྷག་གི་ལོ་རྒྱུས་ལྡན་ཡོད།

དགོན་པའི་རྟེན་གཙོ་གུ་རུ་སྣང་སྲིད་ཟིལ་གནོན་དང་ད་དུང་ནང་རྟེན་རྩ་ཆེན་མང་པོ་བཞུཊ་ཡོད། མདུན་གྱི་རི་སྟེང་དུ་དགོན་པའི་སྲུང་མ་གཙོ་བོ་གསུམ་གྱི་བླ་མཚོ་ཁ་དོག་མི་འདྲ་བ་གསུམ་དང་རི་གཤམ་དུ་རོང་སྐོར་ཞེས་གནས་མཆོག་རྩ་རི་གཉིས་པ་དང་གུ་རུ་རིན་པོ་ཆེའི་ལོ་བདུན་ལྷག་བཞུགས་པའི་སྒྲུབ་ཕུག་སོགས།

卡久寺成为莲花生大师(意)之修行圣地,距今有1200乡年的历史,卡久寺主供佛为莲花金刚大师以及寺庙里供奉珍贵文物,寺院正前方山上寺庙三大护法神的三色圣湖,山下第二扎日神山及莲花生大师七年多修行山洞等很多金刚胜迹徒步四个小时能够转一圈。

༧ མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་མཛད་པ་བོ་དངུལ་ཆུ་དྷརྨ་བྷ་དྲའམ་བླ་མ་ཆོས་བཟང་མཆོག་ནི་གཙང་གཡས་རུའི་ཆར༡༧༧༢ལོར་སྐུ་འཁྲུངས། དགུང་ལོ༡༡པར་སྐུ་ཞང་ལས་ཡི་གེ་འབྲི་ཀློག་སྦྱོང་བའི་དབུ་བརྩམས། དགུང་ལོ༡༤པ་༡༧༨༥ལོར་བཀྲ་ཤིས་དགེ་འཕེལ་གླིང་དུ་ཕེབས་ནས་སློབ་དཔོན་བློ་བཟང་རྒྱལ་མཚན་གྱི་སྐུ་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ་ནས་མཚན་བློ་བཟང་ཚེ་རིང་ཞེས་གསོལ།
ལོ་དེར་མཁས་ཆེན་ངག་དབང་རྡོ་རྗེའི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་བཞིན་བཞེས། སྐབས་དེར་སྐུ་ཆས་ཤིན་ཏུ་ཞན་མོད་ཚོགས་པ་ནས་འགྱེད་ཆུང་རེ་རྙེད་ནའང་དཔེ་ཆ་བླུ་བ་སོགས་མཛད་ནས་རང་གི་འཚོ་བ་ངན་ངོན་ཁོ་ནར་བསྟེན། དགུང་ལོ༡༨ཐོག་གཅེན་པོ་རྟ་མགྲིན་དབང་རྒྱལ་དུས་ལས་འདས་པ་དང་། ལོ༡༩ཐོག་མ་ཡུམ་དང་སྲུ་མོ་གཉིས་ཀྱང་སྔ་རྟིང་དུ་འདས་པས་ཐུགས་སྐྱོ་ཚད་མེད་འཁྲུངས་ཏེ་དབེན་གནས་དངུལ་ཆུ་རི་ཁྲོད་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད།ལོ་དེར་སློབ་དཔོན་ཡེ་ཤེས་དཔལ་གྲུབ་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། རྗེ་དྲུང་བློ་བཟང་དགེ་འདུན་གྱི་སྐུ་དྲུང་དུ་སྒྲ་དང་། སྙན་ངག སུམ་རྟགས། མངོན་བརྗོད། སྡེབ་སྦྱོར་ལེགས་པར་གསན་སྦྱོང་མཛད། མཁས་གྲུབ་ཀྱི་གྲགས་པ་ཀུན་ཏུ་ཁྱབ་པར་གྱུར། དགུང་ལོ་སོ་ལྔ་ནས་སྒྲུབ་པ་ཉམས་ལེན་གཙོ་བོར་མཛད།
དེ་ནས་བཟུང་དགུང་ལོ་བརྒྱད་ཅུའི་བར་གྲུ་འཛིན་དུ་འཆད་ཉན་མཛད་པར་ཐེངས་འགའ་ཕེབས་པ་མ་གཏོགས་དུ་ཕལ་ཆེ་བར་དངུལ་ཆུའི་རི་ཁྲོད་དུ་སྒྲུབ་པ་ཁོ་ནས་དུས་འདའ་བར་མཛད། སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་འབའ་ཞིག་ལ་གཅིག་ཏུ་གཞོལ་ནས། གསུང་ལས་སྐྱེས་པའི་སློབ་མ་་མཁན་ཆེན་ངག་དབང་སྙན་གྲགས་དང་། རི་སྦུག་སྤྲུལ་སྐུ་བློ་གསལ་བསྟན་སྐྱོང་། བདེ་ཆེན་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་སོགས་སྐྱེས་ཆེན་དམ་པ་མང་དུ་བྱུང་།
བཀའ་རྩོམ་ཡང་མང་དག་མཛད་པ་སྟེ། འཇིགས་བྱེད་བཅུ་གསུམ་མའི་བསྙེན་ཡིག་མཁས་གྲུབ་དགོངས་འདུས། གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་གཅིག་གི་དབང་བསྐུར་ཚུལ། སྨྱུང་གནས་ཀྱི་ཆོ་ག་བསྡུས་པའི་ཁྲིད་ཡིག་གྲུབ་བརྙེས་དཔལ་མོའི་དགོངས་རྒྱན། དཔལ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དག་བྱེད་བདུད་རྩིའི་བུམ་བཟང་། རྟེན་འབྲེལ་བསྟོད་པའི་ཚིག་དོན་ཉུང་ངུར་བཀྲོལ་བ་ཟབ་དོན་ལྟ་བའི་འདྲེན་བྱེད།ཡི་དམ་སྒྲུབ་ཐབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྒྲིགས་པ། མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས། གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད།སྙན་ངག་མེ་ལོང་གི་ནང་ནས་གབ་ཚིག་གི་སྙན་ངག་ལོགས་སུ་བཀོལ་ཏེ་བཤད་པ། ཡིག་བསྐུར་རྣམ་བཞག་མདོར་བསྡུས། བློ་སྦྱོང་དོན་བདུན་མའི་ཟིན་བྲིས་རྒྱལ་སྲས་སྙིང་ནོར་སོགས་པོ་ཏི་བཅུ་ཙམ་བཞུགས།
དགུང་གྲངས་བརྒྱད་ཅུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག(༡༨༥༡)ལོར་དངུལ་ཆུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་བསྡུས།


发布     👍 0 举报 写留言 🖊   
✋热门推荐
  • 海贼王 当当~桑尼社女团又来啦,这次是海贼fds手办系列 先艾特组织桑尼社 ~ cn伊媚儿(原po) 摄影:勇者小鱼干 妆娘:咸酱适合下饭 后期:三歲就
  • 今天晚上太开心啦! 我们一起在群里聊天 如果被录取了要吃xr做的拔丝地瓜吃我做的西红柿炒鸡蛋[酷] 不知道要开着大G火箭炮弹还是三轮车一起出去玩哈哈哈 和她们聊
  • #瓜皮不甜大饼不酸[超话]# MCM在轻奢品牌中一直很火呀!把特有的印花标识做到了极致,一贯的风格就是logo遍布整个包,品牌辨识度超高!风格减龄有活力还耐看
  • 我爱番茄 我爱 我爱火锅 我爱奥尔森 我爱漫威 我爱Bieber 我爱音乐 我爱唱歌 我爱篮球 我爱运动 我爱看书 我爱拍照 我爱跑步 我爱运动 我爱生活
  • #比特币# 比特币疯了……这车也太快了吧,前几天还在『4处徘徊』,今天就『5光十色』了,是有多少韭菜被忽悠进来了啊……[挖鼻] 因为自己短短几年已经有太多次想
  • 这一切的一切都是我的考虑范围之内的 我都可以坦然地接受着和承受 我也相信我的棱角也将是我的优点 请大胆的接受这个弱小且个性的人格 以后的路需要自己走请别忘了一定
  • 晚饭时说到疗休养,被他们笑话,说我们转了一圈仍旧回到家门口玩了两天,有人说起婺源蛮好玩,而且这地方不光适合旅游更适宜生活,纵情于山水之间,陶醉于田园之乐,住在婺
  • 点[赞啊]抽1人独宠36元,今天开@微博抽奖平台 更多优惠券戳这里 [给力]全天优质白菜合集(点开看完哦[好喜欢] 【¥69】觉先生 牛奶珊瑚绒四件套 【拍2件
  • 一个上海土著前医药代表,入行10多年、混了五六家大厂,搞个宫颈癌筛查预防的会,居然要找一个远在国外的心外科专家帮忙找人找资料? 一个三甲心外科专家、耶鲁主动脉
  • 双十一前的list就是各种宝宝生活用品第一波绿色拆盒#摩飞榨汁机# &#iphone12# 每年都是双十一过了才逃不过真香定律疯狂采购,今年还没到已经把
  • 看完了五月天的线上演唱会 真的有感动到流泪 耳机的音量调得很大 每一首都唱到了心里 好好好好想见到你 因为你所以我 人生海海是我的最爱 「怎么去拥抱一夏天的风」
  • 回应:“不予置评”】3月4日,有媒体报道,字节跳动正筹备一项名为“恒星证券”的金融业务,欲发力券商领域。小松鼠的朋友说它这么做实在太不值得了,但小松鼠却从来不问
  • 虽然我真的不是很喜欢她 也不认可她的三观美商也不像大气端庄。还很有张力丝丝入扣被吸引到的根本不是颜值和笑容而是这些痒痒的小细节你的眼神就好像被吸住不得不说句:厉
  • 2010年,原钱江晚报记者王玲瑛曾在沈老的家里采访过他,关于“末梢先生”她这样写——沈祖安过去经常请沙孟海写字,都是替别人求的,医院要挂个匾额,有人要出本书……
  • 贝蒂是文文静静的女生,她一点都不喜欢调皮捣蛋的小猴子杰克。一路上杰克给贝蒂讲了好多有趣的故事,逗得贝蒂哈哈大笑,也忘记了自己的脚伤。
  • 况且富有的人,往往会成为众人怨恨的目标,我既然没有教化子孙的才能,也不愿增加他们的过错而落下怨恨。【译文】重用有真才实学的人,是治理国家的基本原则,与有识之士齐
  • 再往前能记起来的,就是天气之子,毕竟整个作品中期都有一种天气对自己或者他人的各种影响的思想。他是肖战,是演员,是歌手,更是正能量偶像,他告诉我们要向爱而行,所以
  • 鼠年是本人一生悲喜交杂的一年,很多大事都扎堆发生在这年,它让走过一切阴霾,迎接光明!2020实属不易,但是,再难,再不易,都已经过去了,一生短暂,这个年份有可能
  • 北京恒昌,创业十年,恒昌一直积极探索数字化转型赋能,不断推动金融科技的应用和发展,以客户需求为导向,沿着金融科技和财富管理两大方向进行战略转型升级。目前,恒昌在
  • btc 总量21M/ 2100万。 1月21日 b t c 区块链上被成功的双花了/二次花费攻击了21美元。 而2021年1月21号是 21世纪的第21年的第2