࿐ཕ་སྐད་སྤྱོད་པའི་ལྷག་བསམ་དགོས།མ་ཡིག་འབྲི་བའི་འགན་སེམས་དགོས།ལག་ལེན་དོན་གྱིས་སྲུང་སྐྱོབ་དགོས།རྣམ་དཔྱོད་རྩལ་གྱིས་དར་སྤེལ་དགོས།དྲན་གསོ་ཙམ་གྱིས་ཅི་ལ་ཕན།

√ཕ་ཡུལ་ལ་འཚལ་བའི་གྱེས་ཕྱག

                                           ࿐ དྷཱིཿཟེར།

ཐོ་རངས་ཟླ་བ་གཞོན་ནུའི་འོད་དཀར་ངོགས། །

རི་ཆུའི་གཤོག་སྣེ་འཕྲུལ་གྱི་འཁོར་ལོས་བཅད། །

ཕ་ཡུལ་ནེམ་ཤ་ཅན་དེའི་ཁོག་གཞུང་ལ། །

དགའ་སྐྱོས་ཀླུབས་པའི་སྙན་ཚིག་མང་ཙམ་སྦས། །

མདུན་མའི་བཅད་རྒྱ་ངལ་བའི་མེ་འོབ་ཀྱི། །

རེ་དོགས་རྒུམ་འབུ་འཐུ་བར་སྤྲོ་བ་ཡི།།

དྷཱི་ཡི་མིང་ཅན་གཞན་ཡུལ་ཚལ་དུ་བཞུད།།

བདེ་སྡུག་འཚོ་བ་དཀོན་མཆོག་གསུམ་ལ་བཅོལ།།

ཡུལ་ལ་ཐོགས་པའི་སེམས་པའི་ཐིག་ལེ་འང་།།

མཛའ་བཤེས་གཉེན་གྱི་ཚོགས་སུ་ལྡིང་སྐོར་རྒྱབ།།

ལས་སེམས་གཉིས་སུ་གྱེས་པའི་སེམས་གཤིས་དེ། །

སྙན་ཚིག་ཁྲི་མ་འབུམ་གྱི་བརྗོད་བྱར་མཚམས། །

མ་བྲིས་རང་བྱུང་སྙན་ཚིག་ཆར་དུ་བསྙིལ། །

མ་བསམ་མཆི་མའི་ཕྲེང་ཐག་ཡུལ་ནས་ཆད། །

མ་སོགས་གཉེན་གྱིས་བཅངས་པའི་རེ་བ་འང་། །

ཁོ་བོའི་རྣ་ལྕོག་འགྲམ་དུ་ཡིབ་ནས་འདུག།

གྱེས་ཕྱག་ཞིག་གི་སྣེ་མོ་དྷཱི་མིང་པས་སྨྱུག་རྩེ་ནས་འཕྲལ་དུ་འཁྱུག་པའང་ཕ་སྐད་མ་ཡིག་གི་སྲིབ་ཏུ་སྦྱར་བའོ། །

࿐གོ་ལ་རྣམ་བཞག

ལྷུན་པོ་དང་འབྱུང་བཞིའི་དཀྱིལ་འཁོར་གྱི་ཕྱི་རིམ་ལ་ཚན་རིག་དང་མཐུན་པའི་རླུང་ཁམས་ཆེན་མོའི་མུ་ཁྱུད་ནི་སྔོན་མའི་གསུང་རབ་ལས་འདི་ལྟར།

རྗེ་བརྒྱད་པ་༧ཀརྨ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་བརྩལ་བའི་(ཡིད་མཚོ་བཞད་གར་)ལས།

<དེ་ཡི་ཕྱི་རོལ་དུ་སྟེ་ཟླུམ་པོར་གཡས་གཡོན་དུ་དཔག་ཚད་ཕྱེད་ཕྱེད་ཏེ་དེ་གཉིས་ཀ་བསྡོམས་པས་དཔག་ཚད་འབུམ་ཕྲག་གཅིག་པའི་སྟོང་པ་གཅིག་པུ་ནི། སྲིད་པ་གསུམ་དུ་གཏོགས་པ་དང་བྲལ་བ་སྲིད་པ་ས་ཆུ་མེ་རླུང་ནམ་མཁའི་ཡོན་ཏན་སྲ་གཤེར་སོགས་མེད་ཅིང་། གཅིག་པུའི་སྒྲས་ནི་ནམ་མཁའང་མིན་པ་སྟོན་ཏེ་ནམ་མཁའ་ནི་ཁམས་ལྔ་ཆར་ལ་ཁྱབ་པ་ཉིད་ཀྱི་ཕྱིར་ནམ་མཁའ་ནི་འདིར་བསྟན་གྱི་སྟོང་པ་གཅིག་པུ་མ་ཡིན་ཏེ་སྟོང་པ་གཅིག་པུ་ཁམས་ལྔ་ཆར་ལ་མ་ཁྱབ་པའི་ཕྱིར། དེས་ན་ནང་དུ་ལུས་ལ་སྐྲ་དང་བ་སྤུ་དང་སེན་མོའི་རྩེ་མོ་ནི། ཤེས་པས་མ་ཟིན་པ་ཡི་ཆ་དང་སྲིད་གསུམ་གྱི་ཕྱི་སྟོང་པ་གཅིག་པུ་དག་པར་སྦྱོར།>(གསུངས་པས་དེང་དུས་དང་མཐུན་ནོ། འདི་ནི་བོད་ཀྱི་གནམ་རིག་ཚན་རིག་ཡིན་ནོ།)

༢༥༥༩.༣.༩.དགོང་མོར།

རིག་པའི་ལང་ཚོའི་ཟིན་མཛོད་ལས།


发布     👍 0 举报 写留言 🖊   
✋热门推荐
  • 在疫情防控常态化背景下,通过探索开展“互联网+体育+文化”的职工体育活动新形式,向本单位工会会员发送二维码,邀请职工加入本单位运动团,使活动更加简便易行,不受时
  • 8月1日抽@微博抽奖平台#周震南 踩点跳舞机# zzn#周震南奶且a# 【生日第三弹-上海华泾天街播报】目标:6000人‼️✉️当前人数:2394‼️今天涨幅太
  • #徐州美食# #博君一肖娃圈[超话]#不是避雷算是个经验贴吧,找手作娘真的要做好心理准备有可能不符合预期或者一定要多多提前详细沟通,要是装完骨架自己不满意最后出
  • 挑战把贾玲P瘦,看到最后我笑了,还不如不P呢。而且一个胖子瘦下来以后不可能还是胖的面孔,她的五官会更立体眼睛会更大更好看。
  • #热门楼盘推荐#【苏家屯沈阳恒大文化旅游城】价格:约7000元/㎡全部户型:二居室(82~91㎡) 三居室(98~128㎡)楼盘概况:沈阳恒大文化旅游城,踞守国
  • 岳云鹏作为德云社第一批火来了的相声演员,是十分受欢迎的,从近期参加的综艺就能看出来,他一直都十分活跃,而在8月25日,情人节的当天,岳云鹏对自己的搭档花式表白,
  • 但是他没有像霍家那么多的家规,礼节,等等,在婚后十分爱惜自己的妻子,在婚后并和太太一起共同拥有在自己的45亿财产。两人在一起可以说是姐妹了吧!朱玲玲她可是慧妍雅
  • 2、容易饥饿 明明吃了很多东西,但总是会有饥饿的感觉,如果检查甲亢和糖尿病都没有,那么就应该要考虑是不是体内感染了幽门螺旋杆菌。主要是消化过程中产生了太多的「硫
  • 在这之前我多少还是觉得长意是孩子气的,今晚爱人走了,他明明哭得像个孩子,小心翼翼地说“能不能别丢下我”可却我突然觉得他长大了,不再是孩子了。改名叫虐鲛记吧 我被
  • 生命只有走出来的精彩,沒有等待出来的辉煌;埋怨,只是一种懦弱的表现;努力,才是人生的态度!几年时间勇往直前累死累活,折腾了制药、器械和IVD后忽然发现:只是一份
  • 就是这样的一个男主角,他去参加这样的生死鱿鱼游戏,会给人怎样的期待感?2、男命正财一个,女命正官一个,重情义一个人的命局中呈现这样的局势,则说明此人比较重情义的
  • 天津柯雅是天津美术颜料厂与COLART集团在1997年共同投资建立的中英合资企业,“制造出世界上最优质的美术材料”是他们一直秉持的宗旨。英国COLART集团是世
  • 这几天,我们所住的酒店工作人员人手抽调不过来,所有援沪的浙江医护人员和我们一样,只能订快餐或吃泡面。”周纪明和同事在酒店一天四餐,每餐隔4小时“为他们准备家乡菜
  • 02头小脖子长,蹄子上有“海绵垫”在流沙中行走不会下陷家养的骆驼是人类忠实的伙伴,是进入沙漠、戈壁必不可少的帮手,还能运载沉重的货物。在新疆罗布泊野骆驼自然保护
  • 向阳的地方树莓熟了,大概是今年最早熟的,对膝盖没什么信心,只能戴个护膝,曾经爬山太频繁也伤过膝盖,之后戴过一段时间,现在这体重,真为难了这脆弱的关节。还原肌肤健
  • 大年初三,全家一起去天颐湖逛了逛,娃第一次坐摩天轮,还挺大胆,也不害怕,反而爸爸吓得抓着扶手,还不让娃乱动[二哈][二哈]可能是最近特爱看小猪佩奇的那套书,里面
  • 所以姚医生可能又不务正业了,不过也就是在这样的不务正业之间,我们跑通了诊间数字化加工的方案,搭建了一个更为强大的数字化牙科支撑平台。在疫情尚不明朗的情况下,未来
  • 今天团队挨批了,也不算挨批,不过是家长对孩子的教育罢了,可能对有的小朋友来说很伤心,但我还是拥有了一小点理智,取我所需![微笑]家长群和朋友圈里一片哀嚎,原来影
  • 做这副牌的初衷,是我发现很多人并不知道在恋爱前期该怎么了解对方,也不知道该聊什么话题,要不然就是尴尬的早安晚安,要不然就只是沉浸在荷尔蒙中的你侬我侬,恋爱这段时
  • 舍利弗,北方世界有焰肩佛、最胜音佛、难沮佛、日生佛、网明佛,如是等恒河沙数诸佛,各于其国,出广长舌相,遍复三千大千世界,说诚实言:汝等众生,当信是称赞不可思议功