列繞林巴全集 第 06 函 ༄༅།།ཉེས་སེལ་གྱི་ཆོ་ག་རྒྱས་པའི་སྔགས་རྣམས་བཟླས་མཚམས་སུ་མཆོད་བསྟོད་བྱ་བར་སྤྲོ་ན་འདི་ལྟར་བྱ། 淨除過患廣軌諸咒持誦間之廣供讚

ཧཱུྃ༔

ཡེ་ཤེས་ལྷ་རྣམས་སྤྱན་འདྲེན་མཆོད་ཅིང་བསྟོད༔

ཉེས་ཚོགས་མཐོལ་བཤགས་དབང་དང་དངོས་གྲུབ་སྩོལ༔



吽!
智慧尊眾迎請供養讚,懺悔過患灌頂悉地賜!

............(中略)............

འབྲིང་པོའི་སྦྱིན་སྲེག་གི་ལྷ་ལ་བྱོན་སྐྱེམས་དང་ཡམ་ཤིང་མར་ཁུ་རྣམས་ཀྱི་འདོད་གསོལ་ནི།

於中軌燒施之本尊獻奉迎接金飲及護摩木、酥油等祈請所欲:

ཧོཿ

ཀློང་ཡངས་འཁྱིལ་པའི་ཞལ་ཧོམ་དུ༔

དམ་རྫས་བདུད་རྩི་འདོད་ཡོན་འབུལ༔

དམ་སྐོང་མཐུ་དབང་དངོས་གྲུབ་སྩོལ༔

ལས་བཞི་མྱུར་དུ་འགྲུབ་པར་མཛོད༔



吙!
廣大漩聚火壇中,誓物甘露妙欲奉,
酬願威勢悉地賜,四業速疾請成辦!

ཅེས་སོ།

如是誦。

ལྷག་གཏོར་གཏོང་རྗེས་ཚོགས་མཆོད་ལྟར་སྨོན་ལམ་བྱས་ལ་དེ་ནས་འདི་ལྟར་བྱ།

餘供朵瑪施已,應如薈供發願,其後如是:

ཨོཾ་ཨཱཿ ཧཱུྃ༔

རྣམ་དག་ཀུན་བཟང་མཆོད་སྤྲིན་གྱིས༔

ཡེ་ཤེས་དཀྱིལ་འཁོར་རྟག་ཏུ་མཆོད༔



嗡啊吽!
清淨普賢供養雲,智慧壇城恆供養!

............(中略)............

ཧྲཱིཿ

གུ་རུའི་ཡེ་ཤེས་རོལ་པའི་སྐུ༔

རབ་འབྱམས་དཀྱིལ་འཁོར་ལྷ་ལ་བསྟོད༔

བདག་སོགས་མ་རིག་སྐྱོན་དབང་གིས༔

འགལ་འཁྲུལ་ཉེས་ཚོགས་མཐོལ་ཞིང་བཤགས༔



舍!
上師智慧遊戲身,廣大壇城尊稱讚,
我等無明過失故,違亂諸過發露懺!

ཨ་ཨཱ་ཨི་ཨཱི་སོགས་དང་ ཀ་ཁ་ག་གྷ་ང་སོགས་དབྱངས་གསལ་བྱེད་

ཨོཾ་བཛྲ་ས་ཏྭ་ས་མ་ཡ་སོགས་ཡི་གེ་བརྒྱ་པ་ ཨོཾ་ཡེ་དྷརྨ་སོགས་རྟེན་འབྲེལ་སྙིང་པོ་རྣམས་ལན་གསུམ་རེས་ལྷག་ཆད་བསྐང་།

阿啊伊咿等,及嘎喀噶咖阿等元輔音咒。
嗡班雜薩埵薩瑪雅等百字明咒,嗡耶達瑪等緣起心咒,各誦三遍補缺。

ལྷ་རྣམས་རང་སེམས་དབྱེར་མེད་ངང་༔

མི་དམིགས་སྤྲོས་བྲལ་དབྱིངས་སུ་བཞག༔

རྗེས་ཐོབ་གུ་རུའི་གཟུགས་སྐུར་ལྡང་༔

སྤྱོད་ལམ་ཡེ་ཤེས་རོལ་པར་ཁྱེར༔



尊眾自心無別體,無緣離戲法界住,
後得上師色身起,威儀轉為智游戲!

བསྔོ་སྨོན་ནི།

迴向發願:

དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །

此善願諸一切眾,福德智慧資糧圓,
福德智慧所出生,清淨二身願證得!

ཤིས་བརྗོད་ནི།

誦吉祥偈:

བཀྲ་ཤིས་ཀུན་གྱི་དཔལ་འབར་བ༔

སངས་རྒྱས་ཆོས་དང་འཕགས་པའི་ཚོགས༔

བླ་མ་ཡི་དམ་མཁའ་འགྲོ་ཡིས༔

ཕྱོགས་དུས་གནས་སྐབས་བདེ་ལེགས་སྩོལ༔



諸吉祥之吉祥熾,諸佛正法及聖眾,
上師本尊空行眾,一切時處善妙賜!

ཨོཾ་སྭ་སྟི་སིདྡྷཾ་མངྒ་ལཾ༔

嗡梭斯帝悉當芒嘎朗!

ལས་རབ་གླིང་པས་བྲིས་པ་དགེ།།

།།

列繞林巴撰著。善哉!

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

列繞林巴全集 第 06 函 ༄༅།།ཉེས་སེལ་གྱི་སྦྱིན་སྲེགས་སྐབས་ཟུར་བྱང་ནི་ལས་བུམ་བསང་སྦྱང་༔ 淨除過患之燒施附錄 · 事業寶瓶淨化

སྟོང་པའི་ངང་ལས་བུམ་མཚན་ཉིད་དང་ལྡན་པའི་ནང་དུ་པད་ཉི་ལ་ཧཱུྃ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བདུད་རྩི་ཁྱིལ་པའི་སྐུར་གྱུར།

空性之中,化現寶瓶,諸相具足,其內蓮日之上 ཧཱུྃ「吽」字放光,光復收回,化為忿怒甘露漩明王之身。

ཀུཎྜ་ལི་བཟླ།

誦甘露漩明王咒。

ཨོཾ་ཨཱཿ ཧཱུྃ་ལྷ་འོད་དུ་ཞུ་བ་བུམ་ཆུའི་རྣམ་པར་གྱུར།

嗡啊吽!本尊化為光明,轉為瓶水之相。

............(中略)............

སྟོང་པའི་ངང་ལས་ཕྱི་ནང་གསང་བའི་མཆོད་རྫས་རྣམས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཀུན་བཟང་མཆོད་སྤྲིན་ལྟ་བུར་གྱུར།

空性之中,化現內外秘密供物,悉為無漏智慧甘露自性,猶如普賢供雲。

............(中略)............

སྟོང་པའི་ངང་ལས་ཨ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་བ་ལས་བྱུང་བའི་སྲེག་རྫས་རྣམས་དྭངས་ཤིང་ཐོགས་པ་མེད་པ་ལྷ་རྣམས་དགྱེས་ཤིང་ལས་ཐམས་ཅད་སྒྲུབ་པའི་ནུས་ལྡན་དུ་གྱུར།

空性之中,阿化現智慧顱器,廣大無量,其中吽出生燒供諸物,清淨無礙,令諸尊眾歡喜,堪能成辦一切事業。

ཨོཾ་ཨཱཿ ཧཱུྃ་ལན་གསུམ།

嗡啊吽誦三遍。

ནམ་མཛོད་སྔགས་རྒྱ་ལན་གསུམ། མེ་ལྷ་དང་སྲེག་ལྷ་སོ་སོའི་སྤྱི་སྔགས་ཀྱིས་བྱོན་སྐྱེམས་བདུན་གསུམ་དང་། ཡམ་ཤིང་མར་ཁུ་ཡང་ཅི་རིགས་འབུལ་ལ་དེའི་འདོད་གསོལ་ནི།

誦虛空藏咒三遍。誦火神與燒神各自總咒二十一遍,加持迎接金飲,護摩木、酥油隨應獻奉。祈請所欲:

བདག་སྒྲུབ་པ་པོའི་འདོད་དོན་ཕྲིན་ལས་མྱུར་དུ་འགྲུབ་པར་མཛད་དུ་གསོལ།

祈請速疾成辦修行者我之所求事業!

ཅེས་དང་།

如是念誦。

སྤྱི་སྔགས་ཀྱིས་རྫས་སྤུང་འབུལ་ལ་འདོད་གསོལ་རྒྱས་པ་གཞུང་ལྟར་བྱ། ལྷ་རྣམས་ལ་བྱེ་བྲག་ཏུ་རང་སྔགས་ཀྱིས་རྫས་སྤུང་ཁོ་ནར་འབུལ།

以總咒獻奉供堆、祈請所欲,應依廣軌。此中於諸本尊,唯以各自之咒獻奉供堆。

དེ་ཡང་གཞུང་དུ་སྔགས་གྲངས་ཉུང་ངུར་བཤད་པ་ནི་རྫས་སྤུང་མི་བྱེད་པའི་དབང་དུ་བྱས་པ་ཡིན་ལ་རྫས་སྤུང་བྱེད་སྐབས་དེ་ལས་མང་བ་སྐབས་དང་བསྟུན་ལ་གཙོ་འཁོར་གྱི་རིམ་པས་ཅི་ནུས་འབུལ། རྫས་ཐམས་ཅད་རྫོགས་ནས།

復次,儀軌中僅說少量密咒,是依不設供堆之時而作。若設供堆,則數量甚多,應隨時宜,以主眷次第盡力獻奉。
一切供物圓滿後:

............(中略)............

ཡིག་བརྒྱ་ལན་གསུམ་གྱིས་བཤགས་ནས་ལྷ་རྣམས་རང་ལ་ཐིམ་པས་གཉིས་སུ་མེད་པར་བསམ།

誦三遍百字明懺悔後:尊眾融入自身,無二無別。如是觀想。

དེ་ནས་མེ་ལྷ་མཆོད་ཅིང་ཡིག་བརྒྱས་བཤགས་པ་བྱས་ལ།

其後供養火神,誦百字明懺悔。

............(中略)............

དེ་ནས་བསྔོ་སྨོན་དང་བཀྲ་ཤིས་ཅི་རིགས་བྱའོ།།

།།

其後,發願、迴向、吉祥偈等,應隨宜念誦。

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

【 聞慧-新譯文分享 】摘錄自 ཉི་མ་གྲགས་པ། 尼瑪扎巴全集 ༄༅།།རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་རིམ་པ་གསུམ་གྱི་ཟིན་བྲིས་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ།། 馬頭傲慢勝伏修法 · 三次第筆記 · 如意自在王

༄༅། །ཁྱབ་བདག་སྟོན་པ་རྒྱལ་བ་ཀུན་གྱི་ཡབ། །ཀུན་བཟང་པད་འབྱུང་དབང་ཆེན་ཧེ་རུ་ཀ། །སྒྱུ་འཕྲུལ་རྡོ་རྗེའི་གར་གྱིས་སྲིད་བཅུད་ཀུན། །གདོད་མའི་དབྱིངས་སུ་སྒྲོལ་མཛད་དེ་ལ་བདུད།།

遍主導師一切勝王父,普賢蓮師自在嘿如嘎,
幻化金剛遊舞三有眾,原始界中普度恭敬禮!

དེ་ཡང་དབང་ཆེན་དྲེགས་པ་ཟིལ་གནོན་གྱི་སྒྲུབ་ཐབས་ཅི་ལྟར་ཉམས་སུ་བླང་པའི་ཚུལ་ལ། ཐོག་མར་དགེ་བའི་རྒྱབ་དཔུང་ཚྭ་ཚྭ་གསུང་སྒྲོགས་སྲོག་བསླུ་ཚེ་ཐར་སྦྱིན་གཏོང་སོགས་གང་འགྲུབ་དང་དལ་འབྱོར་རྙེད་དཀའ་སྐྱབས་སེམས་སོགས་རྒྱུད་དང་འདྲེས་ངེས་རྣམས་བྱ།

大自在傲慢勝伏修法行持方式如下:
最初,以修善根為基礎,盡力成辦擦擦、說法、贖命、放生、布施等善行;於暇滿難得、皈依、發心等法,定當融入相續。

དེ་ནས་དགོང་ཐུན་ནས་དབུ་བརྩམས་གཞི་བདག་རྣམས་ལ་དཀར་གཏོར་འབུལ་ཞིང་བར་ཆད་མི་འབྱུང་བའི་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་སྦྱིན་ཞིང་བསྲུང་བའི་འཁོར་ལོ་རྡོ་རྗེའི་རྭ་གུར་མེ་མཚོན་གྱིས་མཚམས་བཏེགས་པར་བཅིངས་ལ་བསྙེན་སྒྲུབ་མ་ཚར་བར་མི་བསྡུ་ཞིང་ཐུན་མགོ་ཐམས་ཅད་དུའང་ལས་བྱང་གི་མཚམས་གཅོད་ཀྱི་ཚིག་འདོན་ཅིང་གསལ་འདེབས་རེ་བྱེད།

其後,由晚座開始,向地神眾獻白朵瑪,託付不起障難之事業。於魔眾施朵瑪,建守護輪,以金剛垣牆、金剛帳、火、劍結界。念修未圓滿前不作收攝。各座開始,悉皆念誦羯磨儀軌結界文句,隨文觀想。

སྒོ་དྲུང་ཐོ་དཀར་པོ་བརྩེགས་པ་རྒྱལ་ཆེན་བཞིར་མོས་ནས་གཏོར་མ་འབུལ་འཕྲིན་ལས་བཅོལ་སྒྲུབ་ཁོག་གང་རུང་ནས་ལེན་ཏེ་བྱ། གནས་གསར་པ་ཡིན་ན་གོང་ནས་ས་ཆོག་སོགས་དགོས་ཤིང་འདིར་རྙིང་པའི་དབང་དུ་བྱས་ནས་ས་ཆོག་དོར་བའོ།།

門前陳設白色界牌,觀為四大天王,然後獻奉朵瑪,託付事業,依相應修法儀軌即可。若是新處,需修上述破土等軌。此中唯述扼要,故略去破土儀軌等。

............(中略)............

མཆོད་གཏོར་སྒྲུབ་གཏོར་གཉིས་གཞུང་ལས་གཅིག་རང་གིས་ཆོག་པར་སྣང་ཡང་། ད་ལྟའི་ཕྱག་བཞེས་མཐོང་རྒྱུད་ལ་མཐའ་བསྐོར་དུའང་མཆོད་གཏོར་དང་སྨན་རག་བདུག་སྤོས་ཡོན་ཆབ་ཞལ་ཟས་མར་མེ་མེ་ཏོག་རོལ་མོ་སོགས་དང་བཀའ་གཏེར་སྲུང་མའི་གཏོར་མ་གཞན་ཡང་སྤྱན་གཟིགས་ཀྱི་བྲེ་བྲག་ཀྱང་ཅི་འབྱོར་བཀྲམ་སྲོལ་སྣང་བས་དེ་ལྟར་བྱེད། ཐོར་ཐུན་སོགས་ཐུན་ཐམས་ཅད་ཀྱི་མགོར་ངག་ནུས་བསྐྱེད་བྱེད་འགྱུར་སྔགས་ཕྲེང་བ་བྱིན་རླབས་རྣམས་རྒྱས་བསྡུས་ཅི་རིགས་བྱ།

供養朵瑪與修行朵瑪,雖然二軌之中擇一即可,然今現見修軌之中,周圍亦設供養朵瑪、藥血、薰香、供水、神饈、明燈、鮮花、樂器等及噶德護法朵瑪。此外,各類供品亦復盡力陳設,故應如是。早座等所有座開始,能生語功能之變化加持咒、念珠加持等,隨應廣軌、略軌而行。

............(中略)............

ཡང་རང་ལས་སྤྲུལ་པ་ཡང་སྤྲུལ་ཁྲོ་མཚོན་མེ་ལྕེ་གློག་ལྟར་འཁྱུགས་པ་མགར་གྱི་ཚྭ་ཚྭ་ལྟ་བུར་འཕྲོས་པས་འཇིགས་རྟེན་གྱི་ཁམས་ཐམས་ཅད་ཁྱབ། སྟེང་འོད་བར་གསུམ་གྱི་གདོན་བགེགས་ལྷ་སྲིན་འབྱུང་པོ་ཐམས་ཅད་ལ་ཕོག་པས་བརྒྱལ་རེངས་མྱོས་བུན་ཐལ་བའི་རྡུལ་དུ་བརླག ལུས་ངག་ཡིད་གསུམ་ཀྱི་མཐུ་སྟོབས་ནུས་པ་ཐམས་ཅད་མར་ལ་ལྕགས་སྲེག་རེག་པ་བཞིན་དུ་བྱས་ནས་གདུག་རྩུབ་རྣམས་ཞི། དེ་དག་གིས་རང་དབང་མེད་པར་སྲོག་སྙིང་ཡིག་འབྲུའི་རྣམ་པར་ཕུལ་བ་རྣམས་ཧཱུྃ་གི་ཉི་གདན་ལ་བསྟིམས་ཤིང་དབང་དུ་བསྡུས་ནས་རྗེ་འབངས་ཇི་བཞིན་བཀོལ།

又,放射自所幻化及再幻化、忿怒兵器,猶如火焰电閃,猶如火花四濺,遍滿一切世間界,觸擊上、中、下所有魔障、鬼神、部多,由此昏厥、僵硬、瘋醉,碎為微塵。身語意之一切威能勢力,如燒鐵澆油,息諸粗暴。此等無有自主者,獻奉心命、種子字之相,融入吽字日墊,由此攝伏,如君役臣。

............(中略)............

རྩ་བསྙེན་འབུམ་ཚོ་དགུ་གཞུང་ནས་གསུངས་ཀྱང་བྱེ་བ་ས་ཡ་སོགས་རྟགས་དང་བསྟུན་ཏེ་བཟློག་བསད་གཙོ་བོར་བྱེད་ན་བསྲུང་བའི་ཕྱི་རོལ་དུ་འཁོར་ལོ་རྩིབས་སྟོང་གཉིས་གཡས་གཡོན་དུ་འཁོར་བའི་བར་དུ་གནོད་བྱེད་རྣམས་གཏུབ་པར་བསམ་པ་རིགས་མཐུན་ནས་འབྱུང་བས་བསྒོམ་མི་བསྒོམ་གང་འདོད་བྱ་ཆོག

軌中雖說根本念修應誦九十萬遍,然念一千萬等方易出生兆相。若以迴遮、誅殺為主,守護之外圍,兩千輻輪,一者左旋、一者右旋,觀想於此中間,切割一切能害,隨應而起,修或不修,隨欲皆可。

............(中略)............

འདི་སྐབས་རྣམས་སུ་བདག་བསྐྱེད་ཀྱི་འོད་ཟེར་འཕྲོས་པ་དང་དུས་མཉམས་དུ་མདུན་བསྐྱེད་ལས་ཀྱང་འོད་ཟེར་སྤྲོ་བསྡུ་མེ་ལོང་དང་བྱད་བཞིན་བསྒོམ་པ་དང་། བདག་བསྐྱེད་ཀྱིས་མདུན་བསྐྱེད་བསྐུལ་བ་རྣམས་དམིགས་རིམ་བློ་མཐུན་དུ་བསྒྱུར་ཤེས་པར་བྱ་ཞིང་། ལྟས་ལེགས་པའི་སྐབས་སུ་ཏིང་ངེ་འཛིན་གྱིས། སྒྲུབ་རྫས་ལྷག་པའི་ལྷར་གསལ་བ་ལ་དབང་བཞི་ཡིད་ཀྱིས་ལེན་པ་རྣམས་བྱ། ལར་བཟང་རྟོག་དང་ངན་རྟོག་ཐམས་ཅད་རང་གི་སེམས་ཉིད་ཀྱི་སྣང་འཛིན་མ་དག་གི་རོལ་པ་ཡིན་པས་རེ་དོགས་ཀྱི་འཛིན་པ་བྲལ་བའི་ངང་ནས་ལྷ་དང་རང་སེམས་དབྱེར་མེད་ཀྱི་ངང་ནས་བསྒྲུབ་པར་བྱའོ།།

於此諸處,自生本尊放光,對生本尊亦同時放光,觀修放收、明鏡、面容。自生勸請對生等所緣次第,應知隨心而轉。善作觀察時,以三摩地定,觀修物為增上本尊,應以心受取四灌頂。復次,一切善念、惡念,皆是自己心性之不淨相執遊戲,故應遠離希慮執著,於本尊與自心無別體中修持。

............(中略)............

སྒྲུབ་རྫས་ཡེ་ཤེས་པའི་ལྷ་ཚོགས་དང་རང་གཉིས་མེད་དུ་འབྲེས་བལྟས། སླར་ཡང་སྒྲུབ་རྫས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་འདོད་དགུ་འབྱུང་གནས་ཀྱི་རང་རྒྱུད་གཏམ་པའི་བདེ་སྟོང་གི་ཡེ་ཤེས་འབར་ཞིང་རྒྱས་པ་མོས་ནས་རྫས་ལ་རོལ། དེ་ནས་ལྷག་མ་སོགས་རྗེས་ཀྱི་རིམ་པ་རྣམས་བྱ་ཞིང་། སྦྱིན་བསྲེགས་གནས་མལ་བསྲུང་བ་སོགས་ཀྱང་རྩིང་སྤྱོད་དུ་མ་སོང་བར་མཐའ་རྒྱས་སུ་སྤྱོད་པར་བྱ་འོ།།

觀修物、智慧尊眾與自己無二無別。復次,修物無漏智慧甘露妙欲之源充滿自相續,樂空智慧熾燃增長,如此勝解,享用供物。其後,應行餘供等結行次第。燒施、臥具、守護等,乃至未息暴行之前,結行之中皆應行持。

ཞེས་པ་འདི་གཏེར་སྟོན་གྱིས་མཛད་པའི་ཟིན་བྲིས་ལ་ཞབས་ཏོག་ཚུལ་དུ་ཅུང་ཟད་རྒྱས་པར་བྱས་ནས་པདྨ་ཀུན་གྲོལ་རྣམས་རྒྱལ་གྱི་གནས་ཆེན་རུ་དམ་ལུང་པའི་དབེན་གནས་སུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག་བྷ་ཝནྟུ།། མངྒ་ལཾ།། །།

此於伏藏師所作筆記,以承侍方式略作廣說,於貝瑪袞卓等聖地塘隆巴寂靜處撰著。願善妙吉祥!芒嘎朗!

------------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震,一切劣見獸眾皆驚恐,
勝乘獅子吼音遍三地,蓮師大寶教法願興盛!
- 彌龐蔣揚南傑嘉措(不敗妙音尊勝海)

寧瑪文殊經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • 但是!但是!
  • #婧妍的PLOG# 碎片生活 小长假 1-3.不用怀疑又是喝大了的一天~一个人平均喝了6、7L啤酒吧 我也不知道我是怎么吨下去的 而且我喝酒不爱去厕所 很神
  • 父亲嗜烟如命,儿子为了让他戒烟想尽办法皆失败。担心父亲身体,儿子外出考察特地买了几条清香型烤烟。父亲接过烟眉头紧锁“好东西,给隔壁李大爷送去吧”。“送人”,儿子
  • 螃蟹的公母之分也让美味不尽相同:母蟹自是不必说的,早在中秋国庆双节期间已经有了被端上台面的资本,到了秋收之后的母蟹壳下更是塞满了金黄,一口蟹黄咬下塞满口腔连着鼻
  • 蛋糕本来是想定打印照片的那种,但怕社死最后选了素雅款四寸小蛋糕hhhhh全被我吃了,甜,好甜,两个人吃正好的份量生贺图我也知道画得不好…最近没有拿笔的兴趣,应该
  • 孩子觉得亲子关系越安全时,他越容易与他人建立稳固的人际关系——但只在孩子准备好的时候,所以别担心孩子太依赖自己而推开他。我不会给你一份标着年龄的发育里程表,告诉
  • 在娱乐圈工作了12年多的平采娜有一个梦想是为自己和家人建造一个美丽的大房子,让一家人幸福地生活在一起。平采娜表示,之前她的整个工作生活都在公寓里,房间并不大,只
  • 纳尔逊“探戈舞需要两个人”的相关言论表明,美方很可能提出了加入中国空间站科研项目的要求,但被中方拒绝了。从纳尔逊的表态中不难看出,纳尔逊对中国空间站项目美方没能
  • 化成一个罗刹鬼,在释迦牟尼闭关的那个洞口,然后饿得就跌倒了,释迦牟尼那时候正在打坐就没有理他,然后他说两句话:“诸行无常,为生灭法。释迦牟尼没有因为他是一个罗刹
  • 其次黄子韬应说了自己是黄子韬也并不是托大,显摆明星身份,而是告知校警自己是谁,好让校警放行,因为在学校录节目这种事儿,节目组提前就和学校沟通好了的,学校也一定会
  • 人我迷于五蕴,法我迷于六尘,产生迷情,即是不明因缘生法如幻如化之理。人我迷于五蕴,法我迷于六尘,产生迷情,即是不明因缘生法如幻如化之理。
  •   刘嘉玲使用地瓜瘦身排毒法半年后,从59公斤瘦14公斤后,变成45公斤!  3苹果  刘嘉玲平时喜欢吃水果,其中又最喜爱苹果,苹果内含丰富的果胶,能够帮助消化
  • [爱你][爱你]小红:我草,没钱你还敢让老娘嫁给你,没都没有。小红甲诸多款式中,我最钟情于镶钻的美甲产品可能因为我有一颗晶莹闪耀的少女心吧[害羞][偷笑]如果有
  • 今天,小米正式官宣新旗舰小米11包装盒内不再赠送充电器,很多网友对此举都表示出了反对意见。二、小米虽然说小米11不送充电器,但同时官方也明确将给出更好的解决方案
  • ” “你觉得,刚刚的那个吻戏和我的吻比起来,你更喜欢哪一个?” “迟默,那你的初吻,到底是给了谁啊?
  • 2、西凌井收费站出口连接线(康西线老爷庙至东关口公路)改造工程将于4月1日至2022年6月30日进行道路全封闭施工,康西线老爷庙至东关口施工期间禁止一切车辆通行
  • 你没有听到狗叫吗?(每天晚上都要听着狗叫才能睡着) ——胡安·鲁尔福   “伊格纳西奥,你在我背上,告诉我,你听到什么声音或者看到什么地方有灯光了?”   
  • 为了努力实现二季度逆周期跨越发展,4月24日,市委、市政府出台《大干快上二季度奋力实现“时间过半任务超半”八项措施》以前瞻性谋划、全过程管理,科学施策,精准发力
  • 除此之外随着年龄的增长,她的眼窝比以前更加深陷,法令纹也加深了,同时婴儿肥也消失了,造成了胶原蛋白流失、脸颊很瘦的状态,也是她看起来变老了很多的原因[失望]✔️
  •  我们是一家坐落在大连的婚礼宴会空间设计独立工作室,服务范围为全国…我们的收费不低,但也许你最关心的是获得的是否[值得],是否独一无二,而不仅仅是价廉....我